པེ་ཅིང་ནས་ཞལ་གྱེས་ཏེ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་ཁེར་གྷི་སི་ཐན་དང་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་བ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་01ཉིན། 10:40】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པི་སི་ཁེག་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ཞིང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ཡི་གདན་ཞུས་ལྟར་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་སྦྲགས། ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་པི་སི་ཁེག་མ་ནཱ་སི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་སྟངས་དཔྱལ་གྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པི་སི་ཁེག་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ཞིང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ཡི་གདན་ཞུས་ལྟར། 2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་སྦྲགས། ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།
ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་པི་སི་ཁེག་མ་ནཱ་སི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས། ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་སྟངས་དཔྱལ་གྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་དང་། ཀྲ་ཕ་ལོའུ་ཧྥུའུ་ཡིས་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་རེད། ས་གནས་དེ་གའི་བུད་མེད་གཞོན་ནུས་ཀྲུའུ་ཞི་སྟངས་དཔྱལ་ལ་སྲོལ་རྒྱུན་གྲོ་ཟན་དང་སྦྲང་རྩི་ཕུལ་ཏེ། སྲོལ་རྒྱུན་གྱི་གུས་སྲོལ་ལྟར་གུས་པར་འོས་པའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད། གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ས་གནས་དེ་གའི་སྲོལ་རྒྱུན་རོལ་ཆ་དཀྲོལ་གཏོང་འཁྲབ་སྟོན་དང་། རྔོན་ཁྲ། རྔོན་ཁྱི། སྲོལ་རྒྱུན་དཔའ་རྒོད་ཀྱི་རུ་སྟར་གྲུ་བཞི། རྟ་དམག་རུ་ཁག ཕྱིང་གུར་སོགས་ཀྱི་རིག་གནས་འགྲེམས་སྟོན་ལ་ལྷན་དུ་གཟིགས་པ་དང་། ས་གནས་དེ་གའི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོའི་གླུ་གཞས་བླངས་པ་རེད།
ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་སྟེ་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ཁེར་གྷི་སི་ཐན་གྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྔམ་བརྗིད་ལྡན་པའི་ཐེན་ཧྲན་རི་བོས་ལོ་ངོ་སྟོང་ཕྲག་རིང་གི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་34སོང་རིང་། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་འཕེལ་རྒྱས་བརྟན་པོ་ཕྱིན་ཏེ། དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོར་སླེབས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སྐབས་ཡག་ཤོས་ལ་སླེབས་ཏེ། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་དང་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཅིང་། ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་སོགས་རྣམ་གྲངས་ཆེན་པོ་བདེ་བླག་ངང་ལག་ལེན་བསྟར་བ་བརྒྱུད། དངོས་དངོས་རྗེན་རྗེན་གྱི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་རྒྱ་ཁྱབ་ཐོབ་ཡོད། འཚམས་འདྲི་བྱེད་རིང་། ངས་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ལྷན་དུ་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་བཅས་ཀྱི་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འཆར་གཞི་གསར་པ་འགོད་ཀྱི་ཡིན། རང་ཉིད་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་པི་སི་ཁེག་དབུ་ཚོགས་ལ་ཞུགས་ནས་ཕྱོགས་ཁག་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་བཞིན་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་པ་རེད།
ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཅང་ཕིང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་ནས་ཞལ་གྱེས་ཏེ་པི་སི་ཁེག་གྲོང་ཁྱེར་དུ་ཕེབས་ནས་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་པ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱི་གདན་ཞུས་ལྟར། རྒྱལ་ཁབ་གཉིས་པོར་རྒྱལ་དོན་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་དང་ལྷན་དུ་འཚམས་འདྲིར་ཕེབས་མཁན་གྲས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཡོད་པ་རེད།