འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་1ཉིན།

༄༅།།བོད་ལྗོངས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་རོགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་01ཉིན། 10:37】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་ཟླ་8ཚེས་28ཉིན་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་རྐང་ཐང་མར་རོགས་སྐྱོབ་ལ་སྐྱོད་བཞིན་པ།

འདི་ནི་ཟླ་8ཚེས་28ཉིན་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་རྐང་ཐང་མར་རོགས་སྐྱོབ་ལ་སྐྱོད་བཞིན་པ།

     ཟླ་8ཚེས་26ཉིན། བོད་ལྗོངས་སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་ཚུན། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་མགྱོགས་མྱུར་དམག་མི་150ལྷག་ཙམ་བཏང་ནས་རོགས་སྐྱོབ་བྱས་ཡོད། ཟླ་8ཚེས་28ཉིན་གྱི་སྔ་དྲོར། ཡན་ལག་དམག་ཁུལ་ཁང་དེས་སླར་ཡང་རོགས་སྐྱོབ་མི་སྣ་35སྐོང་འཐེན་བྱས་ཏེ་སྐྱིད་གྲོང་འགག་སྒོ་དང་བར་ཐག་སྤྱི་ལེ་2ཙམ་ཡོད་པའི་མཚམས་སུ་བསྐྱོད་ནས་ཉེན་སེལ་དང་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད།

འདི་ནི་ཟླ་8ཚེས་27ཉིན་ལས་དོན་པས་གྱེས་ཕུག་གྲོང་ཚོར་སྤོས་མ་ཐག་པའི་མང་ཚོགས་ཀྱི་ཁ་པར་ཨང་གྲངས་ཞིབ་བསྡུར་བྱེད་བཞིན་པ།

འདི་ནི་ཟླ་8ཚེས་27ཉིན་ལས་དོན་པས་གྱེས་ཕུག་གྲོང་ཚོར་སྤོས་མ་ཐག་པའི་མང་ཚོགས་ཀྱི་ཁ་པར་ཨང་གྲངས་ཞིབ་བསྡུར་བྱེད་བཞིན་པ།