གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་28ཉིན། 14:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་འབྲེལ་གཏུག་ཆད། གནོད་འཚེ་ཐོན་རྗེས་བཀའ་བཞིན་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་བྱས།

འདི་ནི་ཟླ་8པའི་ཚེས་26ཉིན་པར་བླངས་པའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ཡུལ་དངོས་རེད།
དབོར་འདྲེན་དངོས་ཟོག་འབོར་ཆེན་བོད་ལྗོངས་སྐྱིད་གྲོང་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར།
གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱིས་འབྲུ་ཏུན་20དང་། འབྲས་ཏུན་50 གྲོ་ཞིབ་ཏུན་20 བཟའ་སྣུམ་ཏུན་1 གུར་1122དང་། ལྟེབ་བརྩེགས་ཉལ་ཁྲི2361 ཉལ་ཐུལ་8054 གདན་2126 ཀམ་པ་ལི་2519 བོད་ལུགས་ཉལ་ཐུལ་1261 བོད་ལུགས་ཀམ་པ་ལི་1141 ཆར་གོས་དང་དོར་མ་ཆ་ཚང་2579 འགྱིག་ལྷམ་ཆ་3829 མེ་ཐབ་47དང་། འགྱོགས་བྱམས་ཁྲི100 གློག་འདོན་འཕྲུལ་འཁོར་14 འཐུང་ཆུ་སྒམ་15500 སྟབས་བདེའི་ཐུག་པ་སྒམ་2600 འོ་མ་དང་ཞོ་སྒམ་300 ཕག་ཉྭ་བསྙལ་མའི་རྒྱུ་མ་དང་ དགུང་ཟས་ཤའི་ལྕགས་ཀྲིན་སྒམ་300སོགས་འཚོ་བའི་དངོས་རྫས་དབོར་འདྲེན་བྱས་ཡོད་པ་རེད།

ཟླ་8ཚེས་27ཉིན་སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་དམངས་གཞོགས་ཉེན་རྟོག་པས་ས་ལེབ་ཤང་དུ་གུར་བརྒྱབ་པ།
ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་ཕྱོགས་ཀྱིས་ད་ཆ་རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣ་86བཏང་ནས་ཆེད་ལས་སྒྲིག་ཆས་འཁྱེར་ནས་གེགས་ཁུལ་དུ་བསྐྱོད་དེ་གེགས་ཁུལ་མཐའ་འཁོར་གྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་དང་མཐའ་འཁོར་གྱི་རི་དང་། གཞུང་ལམ། འཛུགས་སྐྲུན་སོགས་ས་གཤིས་གནོད་འཚེའི་ཞོར་ཐོན་མངོན་མེད་རྐྱེན་ངན་ཐོན་སྲིད་པའི་གཙོ་གནད་ས་ཁོངས་སུ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། གནོད་འཚེ་བསྐྱར་མ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོར་བྱས་ཡོད་པ་རེད།
སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་གེགས་ཁུལ་གྱི་འགྲོ་ལམ་སྨི་800ཤར་གཏོང་ཐུབ་པ།
སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་གནོད་འཚེ་ཐོན་རྗེས། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དུས་ཐོག་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱས་ཏེ་མགྱོགས་མྱུར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། སྐྱིད་གྲོང་འགག་སྒོར་སྐྱོད་པའི་G216ལམ་ཐིག་གི་གནོད་འཚེ་ཕོག་པའི་ལམ་དུམ་ཉེན་སེལ་ཤར་གཏོང་གི་འགན་ལེན་བྱེད་པའི་ལས་དོན་སྤེལ་ཡོད། ཟླ་8ཚེས་27ཉིན་གྱི་ཆུ་ཚོད་18བར་གནོད་འཚེ་ཕོག་པའི་ལམ་སྨི་800ཙམ་ཤར་གཏོང་ཐུབ་ཡོད་པ་རེད།

ཟླ་8ཚེས་27ཉིན་རོགས་སྐྱོབ་རླངས་འཁོར་གེགས་ཁུལ་དུ་སྐྱོད་པའི་འགྲོ་ལམ་གཙང་སེལ་བྱེད་བཞིན་ཡོད་པ་རེད།
སྐྱིད་གྲོང་དུ་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་མང་ཚོགས་བཀོད་སྒྲིག་ལེགས་གྲུབ་བྱུང་བ་དང་། དེར་ལུས་པའི་ཡུལ་སྐོར་བ་གནས་སྤོ་ལེགས་གྲུབ་བྱུང་།
སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། རོགས་སྐྱོབ་སྟོབས་ཤུགས་ཁག་གིས་གནས་ཡུལ་དངོས་སུ་བསྐྱོད་དེ་མང་ཚོགས་དང་ཡུལ་སྐོར་བ་གནས་སྤོ་བཀོད་སྒྲིག་གི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཡོད། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་མང་ཚོགས་499བཀོད་སྒྲིག་བྱས་པ་དང་། དེར་ལུས་པའི་ཡུལ་སྐོར་བ་555གནས་སྤོས་ཡོད།

འདི་ནི་ཟླ་8ཚེས་27ཉིན་པར་བླངས་པའི་སྐྱིད་གྲོང་མཐའ་མཚམས་མངག་གཏོང་ཁང་གི་སྒར་ཁུལ་དུ་ཕུབ་པའི་གེགས་སེལ་གུར་རེད།
དམངས་སྤྱོད་མཁའ་འགྲུལ་གྱིས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་སེལ་བའི་རོགས་སྐྱོབ་ལས་དོན་བསྒྲུབ་བཞིན་པ།
ཚེས་27ཉིན། གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེར་དམིགས་ནས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རང་བྱུང་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་ལས་དོན་ཚོགས་ཆུང་གཞིས་རྩེ་དིང་རི་གནམ་ཐང་དུ་མངགས་ནས་གནས་ཡུལ་དངོས་འགན་ལེན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད།
ཚེས་27ཉིན་གྱི་ཆུ་ཚོད་6དང་སྐར་མ་14ཡི་ཐོག རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་CA071དུས་གཏན་གནམ་གྲུ་ཁྲེང་ཏུའུ་ཧྲོང་ལིའུ་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་8དང་སྐར་མ་25ཡི་ཐོག་གཞིས་རྩེའི་དིང་རི་གནམ་ཐང་དུ་བདེ་འཇགས་ངང་འབྱོར་ནས། རོགས་སྐྱོབ་མི་སྣ་122དང་། འཚོལ་སྐྱོབ་ཁྱི་4 དེ་བཞིན་འཕྲལ་སྡོམ་གེགས་སེལ་དངོས་ཟོག་སྣ་ཚོགས་སྤྱི་རྒྱ་3494དབོར་འདྲེན་བྱས་ནས། འཕྲལ་སྡོམ་རོགས་སྐྱོབ་གནམ་གྲུ་གླས་པའི་ལས་འགན་ཐོག་མ་གྲུབ་ཡོད།
ཚེས་27ཉིན་གྱི་ཆུ་ཚོད་15བར། དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་ཀྱི་རིམ་རྩིས་ལྟར་ན་རོགས་སྐྱོབ་དཔུང་ཁག་གི་དམངས་སྤྱོད་མཁའ་འགྲུལ་དུས་གཏན་གནམ་གྲུ་ཐེངས་7(གནམ་གྲུ་སྙོམས་སྒྲིག་ཚུད་མེད་)འགན་ལེན་བྱས་པ་དང་། རོགས་སྐྱོབ་མི་སྣ་324དབོར་བ། ཉེན་སེལ་སྒྲིག་ཆས་དང་། འཚོ་བ་དང་དེ་བཞིན་སྨན་བཅོས་དངོས་ཟོག་ཏུན་24བརྒྱུད་འདྲེན་བཅས་བྱས་ནས། གནོད་འཚེ་ཕོག་ཁུལ་གྱི་ཉེན་སེལ་རོགས་སྐྱོབ་དང་མང་ཚོགས་བཀོད་སྒྲིག་བྱེད་པར་རམ་འདེགས་བྱས་ཡོད།

ཟླ་8ཚེས་27ཉིན། དམངས་གཞོགས་ཉེན་རྟོག་པས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་བཟའ་བཅའ་སྤྲོད་པ།
རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་འཁོར་སྐར་ཐོན་ཁུངས་མཐུན་སྦྱོར་བྱས་ནས་བོད་ལྗོངས་སྐྱིད་གྲོང་རྫོང་གི་ཉེན་སེལ་གེགས་སེལ་ལ་རོགས་སྐྱོབ་བྱས།
རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་འཇིག་རྟེན་འཕུར་སྐྱོད་འཕྲལ་སྡོམ་དང་ལེན་ལམ་སྲོལ་མགྱོགས་མྱུར་དང་ལེན་བྱས་ནས། འཁོར་སྐར་ཐོན་ཁུངས་ཀྱིས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་ས་ཁོངས་ལ་འཕྲལ་སྡོམ་བརྙན་ཕབ་གཅིག་གྱུར་འཆར་འགོད་དང་། གནོད་འཚེ་ཕོག་ཁུལ་གྱི་ལོ་རྒྱུས་བརྙན་རིས་དུས་གཅིག་ཏུ་ཕབ་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་26ཉིན་གྱི་ཆུ་ཚོད་19པར་གྲངས་གཞི་དང་བརྙན་རིས་ཁག་དང་པོ་ཛ་དྲག་ངང་ཁྱབ་སྤེལ་བྱས་པ་ནས་བཟུང་། ཚེས་27ཉིན་གྱི་ཆུ་ཚོད་17བར། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཁག་བགོས་ནས་གནོད་འཚེ་མ་ཕོག་གོང་གི་བརྙན་རིས་5དང་གནོད་འཚེ་ཕོག་རྗེས་ཀྱི་བརྙན་རིས་10འཕྲལ་སྡོམ་དོ་དམ་པུའི་རྒྱལ་ཁབ་གནོད་འཚེ་གཅོག་པའི་ལྟེ་གནས་དང་། ཆུ་བེད་པུའི་ཆ་འཕྲིན་ལྟེ་གནས། རང་བྱུང་ཐོན་ཁུངས་པུའི་རྒྱལ་ཁབ་རྨང་གཞིའི་ས་ཁམས་ཆ་འཕྲིན་ལྟེ་གནས་བཅས་དང་དེ་བཞིན་སྐར་མ་མཐོ་བའི་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ་སོགས་ཞིང་ཆེན་རིམ་པའི་གྲངས་གཞི་དང་ཉེར་སྤྱོད་ལྟེ་གནས་ལ་ཁྱབ་སྤེལ་བྱས་ནས། གནོད་འཚེའི་གནས་ཚུལ་ཞིབ་འཇུག་བརྡར་ཤ་གཅོད་པ་དང་གནོད་འཚེ་གཅོག་པའི་གེགས་སེལ་དུས་ཐོག་ཏུ་འཁོར་སྐར་གྲངས་གཞི་ནུས་ལྡན་མཁོ་འདོན་བྱས།

ཟླ་8ཚེས་27ཉིན། མི་དམངས་ཉེན་རྟོག་པས་རྒྱལ་ལམ་216གི་སྐྱིད་གྲོང་རྫོང་ནས་སྐྱིད་གྲོང་འགག་སྒོ་བར་གྱི་ལམ་དུམ་འགག་སེལ་ཤར་བགྲོད་འགན་ལེན་དང་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་གི་ལས་དོན་སྤེལ་བ།

བོད་ལྗོངས་དམག་ཁུལ་ཁང་གི་སྐམ་སའི་མཁའ་འགྲུལ་མདའ་ཤོག་ག་གེ་མོ་ཁག་དང་པོའི་ཐད་འཕུར་གནམ་གྲུ་2སྐྱིད་གྲོང་འགག་སྒོའི་མཁའ་དབྱིངས་སུ་འབྱོར་བ།