གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་28ཉིན། 14:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གཞིས་རྩེ་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་ཆུ་ཚོད་8དང་སྐར་མ་26ཙམ་ལ་བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེར་རོགས་སྐྱོབ་མཁན་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གཞིས་རྩེའི་དིང་རི་གནམ་ཐང་དུ་འབྱོར་ནས་རླངས་འཁོར་བསྡད་དེ་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོབ་བྱེད་པར་སྐྱོད་བཞིན་ཡོད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད།
འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་མེ་གསོད་རོགས་སྐྱོབ་བཀོད་འཐབ་པ་111མངགས་ནས་ཉེན་བཤེར་དང་། སྲོག་སྐྱོབ། འཕྲིན་གཏོང་། འགན་སྲུང་སོགས་ཀྱི་ཡོ་ཆས་ཁྱེར་ནས་གནོད་འཚེ་ཐོན་ཡུལ་དུ་རོགས་སྐྱོར་བྱེད་པར་བསྐྱོད་ཡོད། ཀྲུང་གོའི་རོགས་སྐྱོབ་རུ་ཁག་ནི་པེ་ཅིང་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ཆེད་ལས་འཚོལ་སྐྱོབ་སྟོབས་ཤུགས་ལས་གྲུབ་པ་དང་། དེ་སྔ་གནོད་འཚེའི་ལས་འཛོལ་ཧ་ཅང་ཚབས་ཆེན་གྱི་རོགས་སྐྱོབ་ནང་ཐེངས་མང་ཞུགས་མྱོང་ཡོད།