གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་27ཉིན། 16:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
རྒྱ་ཆེའི་མང་ཚོགས་རྣམ་པ་དང་། ཡུལ་སྐོར་བ། ཁ་ལོ་བ་བཅས་ལ།
དེ་སྔོན་སྐྱིད་གྲོང་འགག་སྒོའི་རྒྱལ་སྒོའི་ཕྱོགས་ཀྱི་ལམ་དུམ་དུ་འདམ་རུད་ཀྱི་ཉེན་ཁ་བྱུང་བར་བརྟེན་འགྲིམ་འགྲུལ་དོ་དམ་བྱ་རྒྱུའི་གསལ་བརྡ་བཏང་ཟིན། མིག་སྔར་ས་གནས་དེའི་རི་ཉིལ་བ་དང་། རྡོ་ལྷུང་བ་སོགས་ཞོར་ཐོན་ཉེན་ཁ་ད་དུང་སེལ་ཐུབ་མེད་པས་ཉེན་ཁ་མུ་མཐུད་དུ་གནས་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། 《ལམ་འགྲུལ་བདེ་འཇགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་ 40 པའི་གཏན་འབེབས་གཞིར་བཟུང་། ད་ལྟ་ལམ་དུམ་དེའི་འགྲིམ་འགྲུལ་དོ་དམ་དང་འབྲེལ་བའི་དོན་
ཚན་ཁ་གསབ་ཀྱིས་གསལ་བརྡ་བཏང་བ་གཤམ་གསལ་ལྟར།
1. བཀག་སྡོམ་ལམ་དུམ། སྐྱིད་གྲོང་གྲོང་རྡལ་ནས་འགག་སྒོ་ཕྱོགས་ཀྱི་ལམ་དུམ།
2. བཀག་སྡོམ་ཐབས་ལམ། ཕར་ཚུར་གཉིས་ཀའི་ལམ་ཁ་བཀག་སྡོམ་བྱ་རྒྱུ་ཡིན་ཞིང་། ཛ་དྲག་གེགས་སེལ་དང་། རོགས་སྐྱོབ་འགན་སྲུང་རླངས་འཁོར་མ་གཏོགས། སྤྱི་ཚོགས་ཀྱི་རླངས་འཁོར་དང་མི་སྣ་གང་རུང་འགྲོ་འོང་བྱས་མི་ཆོག
3. བཀག་སྡོམ་དུས་ཡུན། དེ་རིང་ནས་བཟུང་མུ་མཐུད་དུ་བཀག་སྡོམ་ལག་བསྟར་བྱ་རྒྱུ་ཡིན་ལ། མེད་པར་བཟོ་བའི་དུས་ཚོད་གསལ་བརྡ་གཞན་པ་གཏོང་རྒྱུ་ཡིན། སྔོན་གྱི་གསལ་བརྡའི་ནང་གི་ཉིན་ 7 གྱི་བཀག་སྡོམ་དུས་ཡུན་ལག་བསྟར་བྱ་རྒྱུ་མིན།
བཀག་སྡོམ་དུས་ཡུན་ནང་། རྒྱ་ཆེའི་མང་ཚོགས་རྣམ་པ་དང་། ཡུལ་སྐོར་བ། ཁ་ལོ་བ་བཅས་ཀྱིས་འགྲོ་ལམ་སྔ་ཙམ་ནས་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། བཀག་སྡོམ་བྱ་ཡུལ་དུ་འགྲོ་མི་ཆོག ཉེན་རྟོག་པའི་བཀོད་འདོམས་ལ་བརྩི་སྲུང་ཞུ་དགོས། འགྲིམ་འགྲུལ་བཀག་སྡོམ་ལག་བསྟར་མི་བྱེད་པ་དང་། བཙན་གྱིས་ཐར་ཐབས་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན།
དེའི་རྐྱེན་གྱིས་འགྲོ་འོང་སྟབས་བདེ་མ་བྱུང་བར་རྒྱ་ཆེའི་མང་ཚོགས་རྣམ་པ་དང་། ཡུལ་སྐོར་བ། ཁ་ལོ་བ་བཅས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་ཡོད་པར་ཞུ།
དེའི་ཆེད་གསལ་བརྡ་བཏང་བ་ཡིན།
གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོ་ཡན་ལག་ཅུས།
འགྲིམ་འགྲུལ་དོ་དམ་རུ་ཁག་ནས་བསྒྲགས།
2026 ལོའི་ཟླ་ 8 ཚེས་ 27 ཉིན།