འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་27ཉིན།

༄༅།།བོད་ལྗོངས་ཀྱིས་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་འཕྲལ་བསྟུན་ཁ་གཏད་ལམ་སྲོལ་བསྟར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་27ཉིན། 11:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཟླ་8ཚེས་26ཉིན་ཤིན་ཧྭ་གསར་འགྱུར་ཁང་ལྷ་སའི་གློག་འཕྲིན། (གསར་འགོད་པ་ལིའུ་ཧུང་མིང་།) བོད་རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་དང་ཉེན་སེལ་གུད་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཟླ་ 8 ཚེས་ 26 ཉིན་གྱི་མཚན་མོར་བརྡ་ཐོ་བཏང་གསལ། ཚེས་ 26 ཉིན་གྱི་ཆུ་ཚོད་ 10:30 ཙམ་ལ་བལ་ཡུལ་ཕྱོགས་སུ་འདམ་རུད་ཀྱི་གནོད་འཚེ་བྱུང་བའི་རྐྱེན་གྱིས། གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་གར་སོང་ཆ་མེད་དུ་གྱུར་བའི་དོན་རྐྱེན་ཚབས་ཆེན་བྱུང་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་སྐྱོབ་བཅོས་འཕྲལ་བསྟུན་ཇུས་གཞི》ལ་གཞིགས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་མོས་མཐུན་ཐོག རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་དང་ཉེན་སེལ་གུད་སྐྱོབ་ཨུ་ཡོན་ལྷན་ཁང་གིས་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་འཕྲལ་བསྟུན་ཁ་གཏད་ལམ་སྲོལ་བསྟར་བ་རེད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། བོད་རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་དང་ཉེན་སེལ་གུད་སྐྱོབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་མི་ལས་ཁུངས་ཁག་དང་། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལས་འགན་དང་བགོ་བཤའ་གཞིར་བཟུང་སྟེ། གནོད་སྐྱོབ་དང་སྐྱོབ་བཅོས་ཀྱི་ལས་དོན་ཁག་ནན་ཏན་གྱིས་ཡག་པོར་སྒྲུབ་དགོས།