གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་27ཉིན། 11:25】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁྱབ་བསྒྲགས་བྱས་པར། ཟླ་8ཚེས་30ཉིན་ནས་ཟླ་9ཚེས་3ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་སི་ཁེག་ཏུ་འཚོགས་པའི་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་དང་འབྲེལ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱི་གདན་ཞུས་ལྟར་རྒྱལ་ཁབ་གཉིས་པོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།