འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་26ཉིན།

༄༅།།ལོ་སྟོད་དུ་བཟའ་བཅའི་གྲང་ཕྲེང་ཟོག་འགྲུལ་ལས་སྒོའི་སྤྱིའི་དགོས་མཁོ་ཏུན་དུང་ཕྱུར་2ཟིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་26ཉིན། 15:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲང་ཕྲེང་ཆེད་ལས་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ་བཟའ་བཅའི་གྲང་ཕྲེང་ཟོག་འགྲུལ་ལས་སྒོའི་སྤྱིའི་དགོས་མཁོ་ཏུན་དུང་ཕྱུར་2ཟིན་པ་དེ་དུས་མཚུངས་ལས་4.7%འཕར་བ་དང་། འཕར་བའི་མྱུར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3མགྱོགས་སུ་ཕྱིན་པ། བཟའ་བཅའི་གྲང་ཕྲེང་ཟོག་འགྲུལ་ཞབས་ཞུའི་ཁེ་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2901.8ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཡོད་པ་རེད།

ནུས་གསར་གྲང་མཛོད་རླངས་འཁོར་མགྱོགས་མྱུར་ཁྱབ་ནས་ལྗང་མདོག་སྐྱེལ་འདྲེན་བྱེད་ཤུགས་ཀྱིས་བཟུང་བའི་བསྡུར་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཅིང་། ཚོད་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་གྲང་མཛོད་རླངས་འཁོར་ཕྱིར་འཚོང་བྱེད་ཚད་42111ཟིན་པ་དེ་དུས་མཚུངས་ལས་42.9%འཕར་བ་དང་། དེའི་ནང་ནུས་གསར་གྲང་མཛོད་རླངས་འཁོར་ཕྱིར་འཚོང་བྱེད་ཚད་20285ཟིན་པ་དེ་དུས་མཚུངས་ལས་92.3%འཕར་ནས་འཕར་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ནུས་གསར་གྲང་མཛོད་རླངས་འཁོར་ཁྱབ་ཚད་48.2%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་12.4འཕར་ཡོད། དུས་ཚིགས་གཉིས་པར་དུས་ཚིགས་རྐྱང་པའི་ཁྱབ་ཚད་54.7%བར་འཕར་ནས་ཁྱབ་ཚུལ་མགྱོགས་སུ་འགྲོ་བའི་རྣམ་པ་མངོན་པ་དང་། ནུས་རྒྱུ་གསར་པའི་གྲང་ཉར་རླངས་འཁོར་ཁྱབ་ཚད་དུས་ཚིགས་ཀྱི་ཆ་ནས་བལྟས་ན་སྲོལ་རྒྱུན་གྱི་འབར་སྣུམ་རླངས་འཁོར་ལས་ཐོག་མར་བརྒལ་ནས་གྲང་ཕྲེང་སྐྱེལ་འདྲེན་ལྗང་མདོག་ཅན་གྱི་འཕེལ་རིམ་འཕེལ་རྒྱས་མགྱོགས་སུ་འགྲོ་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།

གཞི་ཆེའི་དཔལ་འབྱོར་བསྐྱར་འཕར་ལེགས་སུ་ཕྱིན་པ་དང་ཟོག་འགྲུལ་འཁོར་སྐྱོད་ཀྱི་མཉེན་ཤུགས་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག་གུང་གསེང་སྐབས་སུ་འཛད་སྤྱོད་གཅིག་སྡུད་ངང་སྤེལ་བ་དང་། དྲ་ཐོག་འཛད་སྤྱོད་རྒྱུན་མཐུད་ངང་འཁྲུག་ཆ་དོད་པ། རྒྱལ་མཚམས་སྒྲོལ་བའི་གྲང་ཕྲེང་ཉོ་ཚོང་བརྟན་པོའི་ངང་འཕར་བ་སོགས་ཀྱི་རྐྱེན་པས། ལོ་སྟོད་དུ་གྲང་ཕྲེང་ཟོག་འགྲུལ་འཕེལ་རྒྱས་བརྟན་པོར་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། གྲང་ཕྲེང་འཛད་སྤྱོད་ཀྱི་དགོས་མཁོ་རིམ་གྱིས་འཕར་བ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་ཐེབས་པ་བཅས་བྱུང་ཡོད།