འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་26ཉིན།

༄༅།།མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་སློབ་མར་2026ལོའི་རྒྱལ་སྤྱིའི་རྨང་གཞིའི་ཚན་རིག་ཚོགས་ཆེན་གྱི་ཕུལ་བྱུང་བརྡ་སྦྱོར་གྱི་བྱ་དགའ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་26ཉིན། 10:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་8ཚེས་21ཉིན་གྱི་ཕྱི་དྲོར། པེ་ཅིང་དུ་འཚོགས་པའི་2026ལོའི་རྒྱལ་སྤྱིའི་རྨང་གཞིའི་ཚན་རིག་ཚོགས་ཆེན(ICBS)གྱི་མཇུག་འགྲིལ་མཛད་སྒོའི་ཐོག་མཚོ་སྔོན་ཧོང་ཀྲུང་སློབ་འབྲིང་གི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་མ་ཀྲའོ་ཐེན་ལ་2026ལོའི་ICBSམཐོ་རིམ་སློབ་འབྲིང་སློབ་མའི་བརྡ་སྦྱོར་འགྲེམས་སྟོན་གྱི་དངོས་ཁམས་ཁྱབ་ཁོངས་ཀྱི་ཕུལ་བྱུང་བརྡ་སྦྱོར་གྱི་བྱ་དགའ་ཐོབ་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། བྱ་དགའི་རྣམ་གྲངས་དེར་རྩིས་རིག་དང་། དངོས་ཁམས། རྩིས་འཁོར། དངུལ་རྩ་བཅས་ཁྱབ་ཁོངས་ཆེན་པོ་བཞི་བཙུགས་ཡོད་པ་དང་། ད་ཐེངས་ཀྱི་དངོས་ཁམས་ཁྱབ་ཁོངས་སུ་གོ་ལ་ཧྲིལ་པོའི་མི་5ལ་བྱ་དགའ་ཐོབ་ཅིང་། ཀྲའོ་ཐེན་ནི་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་འབྲིང་སློབ་མ་ཐོག་མ་ཡིན་པ་དེ་ཐོག་ནས་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་སློབ་འབྲིང་སློབ་མར་སྐར་མའི་གོ་ལའི་དངོས་ཁམས་ཁྱབ་ཁོངས་སུ་རྒྱལ་སྤྱིའི་རྩེར་སོན་རིག་གཞུང་འདུ་ཚོགས་ཀྱི་ཁས་ལེན་ཐོབ་པ་མཚོན་གྱི་ཡོད།

     རྒྱལ་སྤྱིའི་རྨང་གཞིའི་ཚན་རིག་ཚོགས་ཆེན(ICBS)ནི་ཧྥེར་ཙེའི་བྱ་དགའ་ཐོབ་མཁན་ཡོའན་ཧྲི་ཆིའུ་ཁྲེང་ཐུང་གིས་བཏོད་པ་དང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། འཛམ་གླིང་ཕྱི་ཁོངས་ཀྲུང་གོ་བའི་རྩིས་རིག་མཁས་ཅན་མནའ་འབྲེལ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། གོ་ལ་ཧྲིལ་པོའི་རྨང་གཞིའི་ཚན་རིག་ཁྱབ་ཁོངས་ཀྱི་རིག་གཞུང་ཚོགས་འདུ་གཟབ་རྒྱས་ཤིག་རེད།

     ད་ཐེངས་ཀྱི་བྱ་དགའ་ཐོབ་མཁན་དེར་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་ཐེན་པའོ་ལིན་དང་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་ཝང་ཏུང་ཀོང་སོགས་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བས་མཛུབ་ཁྲིད་བྱས་པ་རེད།