འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་25ཉིན།

༄༅།།མདུན་སྐྱོད་ཀྲུང་གོ།“མཛེས་ལྗོངས་ལམ་བུ”དེ་“ཕྱུག་འགྱུར་ལམ་བུར”གྱུར་པ།

མི་དམངས་དྲ་བའི་“མདུན་སྐྱོད་ཀྲུང་གོའི་”ཧོ་པེ་ཞིང་ཆེན་གྱི་རྟོག་ཞིབ་གསར་འགོད་ཚོགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་25ཉིན། 15:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

སྟོན་ཀ་སླེབས་རྗེས། པ་ཧྲང་ས་ཁུལ་དུ་རླུང་བསེར་བུ་ལྡང་ཞིང་དྲོད་གྲང་སྙོམས། ཀྱག་ཀྱོག་དང་འབར་འབུར་མི་སྙོམས་པའི་རྩྭ་ཐང་གི་གཞུང་ལམ་དུ་མོ་ཊ་བཏང་ཚེ། རླུང་འཁོར་དང་སྐས་ཞིང༌། ནགས་ཚལ་སོགས་རིམ་བཞིན་མིག་ལ་མངོན་ཡོང་། ལམ་ཐག་རིང་ཚད་ལ་སྤྱི་ལེ་323.9ཟིན་པའི་མཛེས་ལྗོངས་ལམ་བུ་འདིའི་ཁྲོད་དུ་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཀྲང་པེ་རྫོང་གི་ལམ་ཚད་ལ་སྤྱི་ལེ་149.5ཡོད་པ་དང་། ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་530ལྷག་ཙམ་སྣེ་ལེན་ཞུས་ཏེ། རྒྱལ་ཡོངས་ཀྱི་“མོ་ཊ་བཏང་ནས་བསྐྱོད་པའི་ལམ་བུ་མཛེས་ཤོས་10”སོགས་རྒྱལ་ཁབ་རིམ་པའི་མཚན་སྙན་ཆེ་གྲས་8ཐོབ་ཡོད།

རྩྭ་ཐང་གི་གཞུང་ལམ་གྱི་ལམ་རྒྱུད་ཀྱི་ཡུལ་ལྗོངས།

རྩྭ་ཐང་གི་གཞུང་ལམ་གྱི་ལམ་རྒྱུད་ཀྱི་ཡུལ་ལྗོངས།

པེ་ཅིང་དང་ཀྲང་ཅ་ཁོའུ་ཡི་ལུས་རྩལ་རིག་གནས་ཡུལ་སྐོར་རྒྱུད་ཀྱི་“གསེར་གྱི་ལམ་བུ”ཞིག་ཡིན་པའི་ཆ་ནས། རྩྭ་ཐང་གི་གཞུང་ལམ་གྱིས་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱི་ནུས་པ་མགྱོགས་མྱུར་ངང་འདོན་སྤེལ་བྱེད་བཞིན་ཡོད། ཀྲང་པེ་རྫོང་རིག་གནས་རླུང་གློག་འཕྲིན་ཡུལ་སྐོར་དང་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ལོ་དབྱིང་ཙུང་གིས་བརྗོད་དོན། “དགུན་དུས་ཨོ་རྩལ་གྲོང་ཁྱེར་ཀྲང་ཅ་ཁོའུ་ཡི་སྣེ་ཁྲིད་འོག གངས་འཁྱགས་ལུས་རྩལ་དང་རྩྭ་ཐང་གི་རིག་གནས། ལོ་རྒྱུས་ཀྱི་ཤུལ་བཞག་བཅས་འདི་གར་འཛོམས་ཡོད། ཡེ་ཧུའུ་ལིང་གི་རྟེན་གཞིར་རྟ་རྒྱུག་འཁྲབ་སྟོན་ལ་ལྟད་མོ་བ་ཤིན་ཏུ་མང་པོ་འདུས་པ་དང་། ཀྲུང་ཏུའུ་རྩྭ་ཐང་གི་མཚན་མོའི་ཡུལ་སྐོར་བྱེད་སྒོས་ཡུལ་སྐོར་བ་མང་པོ་ཞིག་དགོང་མོ་དེ་གར་ཞག་ལ་སྡོད་པར་སྐུལ། ལམ་རྒྱུད་ཀྱི་ཁྱིམ་ཚང་མགྲོན་ཁང་ཡང་ཐོག་མར་ཉུང་ཤས་ལས་མེད་པ་ནས་ད་ཆ་བརྒྱ་ཕྲག་མང་པོར་འཕེལ་རྒྱས་ཕྱིན་ཡོད།”

ཡེ་ཧུའུ་ལིང་སྐྱེ་ཁམས་ཡུལ་སྐོར་ཁུལ་གྱི་མཐོ་སྒང་གི་ཤེལ་གྱི་མཐོང་ལམ་ཟམ་པ།

ཡེ་ཧུའུ་ལིང་སྐྱེ་ཁམས་ཡུལ་སྐོར་ཁུལ་གྱི་མཐོ་སྒང་གི་ཤེལ་གྱི་མཐོང་ལམ་ཟམ་པ།

རྩྭ་ཐང་གི་གཞུང་ལམ་གྱི་ལམ་རྒྱུད་ཀྱི་ཡུལ་ལྗོངས།

རྩྭ་ཐང་གི་གཞུང་ལམ་གྱི་ལམ་རྒྱུད་ཀྱི་ཡུལ་ལྗོངས།

ལམ་བུ་གང་དུ་སླེབས་ན་འགྱུར་ལྡོག་ཀྱང་དེ་རུ་སླེབས་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྩྭ་ཐང་གི་གཞུང་ལམ་ཀྲང་པེ་དུམ་ཚན་སྦྲེལ་མཐུད་ལམ་བུ་51བསྐྲུན་ཡོད་པས། དེས་ཡུལ་སྐོར་བ་རྣམས་ཤང་གྲོང་7དང་གྲོང་ཚོ་128ལ་ཁྲིད་ཐུབ་པ་དང་། མི་སེར་ཁྲི་10ལྷག་ཙམ་ལ་ཐད་ཀར་ཕན་ཐོགས་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེས་རྩྭ་ཐང་གི་གཞུང་ལམ་དང་། ཀྲུང་ཏུའུ་རྩྭ་ཐང་། རྩྭ་ཐང་གི་རོལ་དབྱངས་དུས་སྟོན་བཅས་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་ཆེ་གྲས་3གཙོ་བོར་བཏོད་དེ། སྔར་གྱི་“རྩྭ་ཐང་དུ་ཉིན་གཅིག་གི་ཡུལ་སྐོར”བྱེད་པའི་རྣམ་པ་དོར་ནས། “ཞིབ་འཇུག་སློབ་སྦྱོང་དང་། རང་བྱུང་མཛེས་ལྗོངས་ལོངས་སྤྱོད། འཁྲབ་སྟོན་ལ་དངོས་སུ་མྱོང་བ། བཟའ་བཅའ་དང་བདེ་ཐང་སྲུང་སྐྱོབ”བཅས་ཁྱབ་པའི་སྤུས་ལེགས་ཡུལ་སྐོར་གྱི་མུ་ཕྲེང་ཆ་ཚང་ཞིག་བཀོད་འཛུགས་བྱས་ཡོད།

ཀྲང་པེ་རྩྭ་ཐང་གི་གཞུང་ལམ་ཡེ་ཧུའུ་ལིང་སྐྱེ་ཁམས་ཡུལ་སྐོར་ཁུལ་ནང་གི་གནས་ཚང་།

ཀྲང་པེ་རྩྭ་ཐང་གི་གཞུང་ལམ་ཡེ་ཧུའུ་ལིང་སྐྱེ་ཁམས་ཡུལ་སྐོར་ཁུལ་ནང་གི་གནས་ཚང་།

ཀྲང་པེ་རྩྭ་ཐང་གི་གཞུང་ལམ་ཡེ་ཧུའུ་ལིང་སྐྱེ་ཁམས་ཡུལ་སྐོར་ཁུལ་ནང་གི་གནས་ཚང་།

ཀྲང་པེ་རྩྭ་ཐང་གི་གཞུང་ལམ་ཡེ་ཧུའུ་ལིང་སྐྱེ་ཁམས་ཡུལ་སྐོར་ཁུལ་ནང་གི་གནས་ཚང་།

རྩྭ་ཐང་གི་གཞུང་ལམ་འདིས་པ་ཧྲང་གི་རི་ཆུའི་ལྗོངས་བ་དང་མི་དམངས་ཀྱི་འཚོ་བ་ཟུང་དུ་སྦྲེལ་བ་མ་ཟད། ལམ་རྒྱུད་མི་དམངས་ཁྲི་སྟོང་མང་པོའི་ཕྱུག་འགྱུར་གྱི་ཕུགས་འདུན་ཡང་མཉམ་དུ་སྦྲེལ་ཡོད། འཁོར་ལོ་མདུན་དུ་འཁོར་བ་དང་བསྟུན་ནས། ཐག་རིང་གི་མགྲོན་པོ་རྣམས་བསུས་ཤིང་། རྩྭ་ཐང་གི་འཚོ་བ་དེ་བས་རྒྱང་རིང་པོར་ཁྲིད་བཞིན་ཡོད་དོ། །