གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་18ཉིན། 13:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2026ལོའི་ལོ་སྟོད་དུ་ཐོན་ལས་གསར་པ་དང་འགྲན་ལམ་གསར་པའི་འབྲེལ་ཡོད་ཁེ་ལས་ཀྱི་སྒུལ་ནུས་ཆེ་རུ་རྒྱུན་མཐུད་ཕྱིན་པ་དང་། འཕྲུལ་མིའི་ཁྱབ་ཁོངས་སུ་ཁེ་ལས་ཁྲི་11.6གསར་དུ་བཙུགས་པ་དེ་དུས་མཚུངས་ལས་9.5%འཕར་ཡོད་པ་རེད།
ལོ་སྟོད་དུ་རྒྱལ་ཡོངས་སུ“གསར་དར་ཐོན་ལས་ཆེན་པོ་8+འབྱུང་འགྱུར་ཐོན་ལས་ཆེན་པོ་9”ཡི་འབྲེལ་ཡོད་ཁེ་ལས་ཁྲི་56.1 གསར་དུ་བཙུགས་ནས་འཕར་སྟངས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། མདུན་གྲལ་ཁྱབ་ཁོངས་ཁག་གཅིག་ཏུ་གློ་བུར་དུ་འཕར་བ་དང་། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཁེ་ལས་ཁྲི་5.5གསར་དུ་བཙུགས་པ་དེ་དུས་མཚུངས་ལས་28.0%འཕར་བ་དང་། འཕྲུལ་མིའི་ཁྱབ་ཁོངས་སུ་ཁེ་ལས་ཁྲི་11.6གསར་དུ་བཙུགས་པ་དེ་དུས་མཚུངས་ལས་9.5%འཕར་ཡོད་པ་རེད།