འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་17ཉིན།

༄༅།།ཡུན་ནན་གྱིས་ཞིབ་བཤེར་བྱ་རྒྱུའི་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་17ཉིན། 15:17】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཟླ་8ཚེས་16ཉིའི་དགོང་མོར། སྤྱི་ཁྱབ་ལས་ཁུངས་ཀྱི་《དཔལ་འབྱོར་ཞིབ་བཤེར་》ལེ་ཚན་དུ་དབྱར་ཁའི་ཡུལ་སྐོར་ཁྲོད་ཀྱི་ཟང་ཟིང་གནས་ཚུལ་ཕྱིར་བསྒྲགས་བྱས། དེའི་ཁྲོད་ཡུན་ནན་གྱི་ཁུན་མིང་དང་ཞི་ཧྲོང་པན་ནཱ་སོགས་ཀྱི་ཚོགས་པ་སྒྲིག་པའི་ཡུལ་སྐོར་ཐོན་རྫས་ཁ་ཤས་ཀྱིས་ཡུལ་སྐོར་གྱི་ལམ་ཐིག་ཕུན་སུམ་ཚོགས་པོ་ཡོད་ཅེས་བརྗོད་པ་དང་། ལྷག་པར་དུ་“ཉོ་སྒྲུབ་བྱ་མི་དགོས་པའི་ཡུལ་སྐོར་གཙང་མ་དང་། རང་ངོས་ཀྱི་འགྲོ་གྲོན་གཏོང་མི་དགོས་པ་”ཞེས་བཀོད་ཡོད་ནའང་། འཛད་སྤྱོད་ཀྱི་རྩོད་གཞི་ཡང་ཡང་བྱུང་ཡོད། ཡུལ་སྐོར་དངོས་ཀྱི་ལམ་ཐིག་དེ་ཚོང་པས་དྲིལ་བསྒྲགས་བྱས་པ་དང་མི་མཐུན་པ་ཚབས་ཆེ་བ་དང་། ལྐོག་ཏུ་ཉོ་སྒྲུབ་བྱེད་དུ་འཇུག་པ་དང་། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། སྐབས་ཐོག་ཏུ་རིན་གོང་སྤོར་བ་སོགས་ཀྱི་གནད་དོན་ཡང་ཡང་བྱུང་ཡོད།

དགོང་མོ་དེར། ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གནས་ཚུལ་བརྡ་ཁྱབ་བཏང་། ལེ་ཚན་ནང་ཕྱིར་བསྒྲགས་བྱས་པའི་གནད་དོན་ལ་དམིགས་ཏེ། ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཐོང་ཧ་ཅང་ཆེན་པོར་བྱས་ཤིང་། བརྡ་ཁྱབ་ནང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱིས་འབྲེལ་ཡོད་ཡུལ་སྐོར་ལས་ཁུངས་དང་། ཡུལ་སྐོར་སྣེ་ཤན་པ། ཉོ་སྒྲུབ་བྱེད་གནས་བཅས་ལ་ཞིབ་བཤེར་དགོས་པའི་སྒྲིག་འཛུགས་བྱ་རྒྱུ་ཡིན་ཞེས་བསྟན། གནས་ཚུལ་བདེན་པ་ར་འཕྲོད་བྱུང་ཚེ། ཁྲིམས་དང་སྒྲིག་ལམ་ལྟར་ཐག་གཅོད་ནན་པོར་བྱ་རྒྱུ་ཡིན།