གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་30ཉིན། 14:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་ཉིན་དེར་མཚོ་སྔོན་ཡུལ་ཤུལ་དུ་གཉེར་བའི་ཡུལ་ཤུལ་གྱི་རྟ་རྒྱུག་འགྲན་བསྡུར་སྐབས་44པའི་འགོ་ཚུགས་མཛད་སྒོའི་ཐོག་རྟ་པ་ཚོས་རྟ་རྩལ་ངོམ་བཞིན་པ།
ཟླ་7ཚེས་25ཉིན། 2026ལོའི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་དང་ཡུལ་ཤུལ་གྱི་རྟ་རྒྱུག་འགྲན་བསྡུར་སྐབས་44པ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཕྱོགས་བསྡུས་ལུས་རྩལ་ཐང་དུ་འགོ་ཚུགས་ཤིང་། བྱེད་སྒོ་ཁག་ངོ་མཚར་ཆེ་ལ་མི་རྣམས་ཡིད་དབང་འཕྲོག་པ་ཞིག་ཡོད། སྐབས་འདིའི་རྟ་རྒྱུག་འགྲན་བསྡུར་ཟླ་8པའི་ཟླ་དཀྱིལ་ནས་ཟླ་སྨད་བར་གཉེར་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག ལེ་ལག་ཚང་བའི་པར་རིས་འགྲེམས་སྟོན་དང་རིག་རྩལ་སྐོང་འཁྲབ་སོགས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།