འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་22ཉིན།

༄༅།།“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནུས་རྒྱུ་གསར་པ་ནི་གློག་ཁུངས་མ་འཇོག་གི་ཁ་ཕྱོགས་གཙོ་བོར་གྱུར་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་22ཉིན། 19:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་གློག་ཤུགས་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭ་འཛུགས་སྐྲུན་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་4.7བཏང་བ་དེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་163.6%འཕར་བ་དང་། ལོ་རེར་ཆ་སྙོམས་བྱས་ན་མ་དངུལ་སྒོར་དུང་ཕྱུར་9316བཏང་ཡོད་པ་རེད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་གློག་ཤུགས་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭ་འཛུགས་སྐྲུན་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་4.7བཏང་བ་དེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་163.6%འཕར་བ་དང་། ལོ་རེར་ཆ་སྙོམས་བྱས་ན་མ་དངུལ་སྒོར་དུང་ཕྱུར་9316བཏང་ཡོད་པ་རེད། དེའི་ནང་རླུང་གློག་དང་ཉི་ནུས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁྲི་2.9བཏང་བ་དང་། ལོ་རེར་ཆ་སྙོམས་བྱས་ན་མ་དངུལ་སྒོར་དུང་ཕྱུར་5821བཏང་བ་དེས་གློག་ཁུངས་ཀྱི་མ་འཇོག་བསྡོམས་འབོར་གྱི་62.5% བཟུང་ཞིང་། དེ་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་ནུས་རྒྱུའི་གྲུབ་ཆ་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གང་མགྱོགས་བཏང་བ་དང་། ནུས་རྒྱུ་གསར་པ་ནི་གློག་ཁུངས་མ་འཇོག་གི་ཁ་ཕྱོགས་གཙོ་བོར་གྱུར་པ་མཚོན་གྱི་ཡོད།