གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་21ཉིན། 18:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བརྒྱབ་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་50999ཟིན་པ་དེ་དུས་མཚུངས་ལས་5.3%འཕར་ཡོད་པ་རེད།
ད་ལོའི་ཟླ་6པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8981ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཞིང་། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་136ཟིན་པ་དེ་དུས་མཚུངས་ལས་2.0%འཕར་ཡོད། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5734ཟིན་པ་དེ་དུས་མཚུངས་ལས་4.7%འཕར་བའི་ནང་། བཟོ་ལས་ཐད་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5683ཟིན་པ་དེ་དུས་མཚུངས་ལས་4.9%འཕར་བ་དང་། ལག་རྩལ་མཐོ་བའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཐད་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1121ཟིན་པ་དེ་དུས་མཚུངས་ལས་10.3%འཕར་ཡོད། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1860ཟིན་པ་དེ་དུས་མཚུངས་ལས་5.6%འཕར་བའི་ནང་། གློག་གསོག་བརྗེ་སྤྲོད་ཞབས་ཞུའི་ལས་རིགས་དང་དྲ་སྦྲེལ་གྲངས་གཞིའི་ཞབས་ཞུའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་148དང་ཆུ་ཚོད་ཆན་ཝ་དུང་ཕྱུར་91སོ་སོར་ཟིན་ནས། འཕར་ཚད་57.1%དང་41.4%སོ་སོར་ཟིན་ཡོད་པ་རེད།