གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་16ཉིན། 13:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དབྱར་ཟླ་འབྲིང་བའི་དུས་སུ་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲི་རྫོང་དུ་གནམ་ས་མཐོ་ཞིང་རྩྭ་སྔོ་ཐིང་ཐིང་དུ་གྱུར་ཡོད། དེ་སྔའི་བྱེ་རླུང་གི་གནོད་པ་དེ་སྔ་ས་ནས་གཏམ་རྒྱུད་གྱུར་ཡོད།
ཞིང་ཁར་སྐྱོད་སྐབས། ཚང་མས་གླེང་མང་ཤོས་ནི་“སྣོད་བཅུད་ཇེ་བཟང་ནས་འཚོ་བ་ཇེ་བཟང་དུ་འགྲོ་བཞིན་ཡོད་”དང་“ལུག་ཡག་པོ་གསོས་ནས་ཚྭ་རྫིང་གྲམ་ཐང་གི་ལུག་ཞེས་པའི་གསེར་གྱི་སྒོ་བྱང་སྲུང་དགོས་”ཞེས་པ་དེ་རེད།

ཡན་ཁྲེ་རྫོང་ཧྥེང་ཅི་ཀོའུ་ཤང་ནི་མའོ་ཝུའུ་སུའུ་བྱེ་ཐང་གི་མཐའ་མཚམས་སུ་གནས་པའི་ཤིང་སྡོང་དཀོན་པའི་རྩྭ་ཐང་དུ་གནས་པ་དང་། མ་ཨེར་ཀྲོང་གྲོང་ཚོ་ནི་ཤང་ནང་གི་ཐན་ལུག་ཐོན་ལས་འཕེལ་རྒྱས་གཏོང་བའི་གྲགས་ཅན་གྲོང་ཚོ་ཞིག་ཡིན། གྲོང་སྒོའི་“ཡན་ཁྲེ་ཐན་ལུག་གྲོང་ཚོ་དང་པོ་”ཞེས་པའི་མཚོན་རྟགས་ཐོག་ནས་ཐན་ལུག་གི་མ་ཨེར་ཀྲོང་གི་དམིགས་བསལ་གནས་བབ་མངོན་ཡོད། 1917དཔྱད་གཞིའི་ཡིག་རིགས་ལས་མངོན་པར་གཞིགས་ན། མ་ཨེར་ཀྲོང་གྲོང་ཚོར་གནའ་བོར་མ་ཡུས་ཁྲོན་པ་ཡོད་པ་དང་། 1917ལོར་མ་ཀྲོང་ཞེས་མིང་བཏགས་པ་དང་།རྗེས་སུ་མ་ཨེར་ཀྲོང་ཞེས་མིང་བསྒྱུར།
“སྔོན་ཆད་བྱེ་རླུང་གང་སར་ལྡང་བས་ལུག་གྲོད་མི་རྒྱགས་པས་དགུན་ཁར་བཟོད་དཀའ་ཤོས་ཡིན་པས་རྟག་ཏུ་ལུག་འཁྱགས་ནས་ཤི་གི་འདུག་”ཅེས་མ་ཨེར་ཀྲོང་གི་གྲོང་མི་ཝང་ཤིན་ཕུའུ་ཡིས་སྒོ་རའི་སྒོ་འགྲམ་དུ་གསར་འགོད་པ་དང་ཁ་བརྡ་བྱས།
“ལུག་གྲོད་པ་མི་རྒྱག་པའི་དུས་རབས་འདས་ཟིན།” མ་ཨེར་ཀྲོང་གྲོང་ཚོའི་ཀྲུའུ་རེན་གཞོན་པ་པའེ་ཞུའེ་ཧྥེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོས་“འདེབས་གསོ་+”གཞི་གཅིག་ཅན་གྱི་དཔེ་སྟོན་རྣམ་གྲངས་གཞི་རྟེན་དུ་བྱས་ནས་ནུས་ཆེ་ཆུ་གྲོན་གྱི་ཐོན་སྐྱེད་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། རང་བརྟེན་ངང་སྔོ་གཟན་བསགས་པའི་མ་རྨོས་ལོ་ཏོག་མུའུ་ཁྲི་1.07འདེབས་འཛུགས་བྱས་ནས་གྲམ་ཐང་ལུག་གི་ཐོན་ལས་ལ་སྤུས་ལེགས་གྲོང་ཚོའི་མཉམ་སྡེབ་ཀྱིས་གཟན་རྩྭ་འདང་ངེས་ཀྱི་རྟེན་གཞིར་བརྟེན་ནས་ས་ཁྱོན་མུའུ་350བཟུང་བ་དང་། ཕྱུགས་ར་2300གསོག་པ། ལོ་རེར་ཕྱུགས་ར་5000བཏོན་པ་བཅས་ཀྱི་སྣོད་བཅུད་འབྲོག་ར་བསྐྲུན་ཡོད། འདི་ལོར་རྒྱས་སྐྲུན་བྱས་པ་བརྒྱུད་ལོ་རེར་ཕྱུགས་ར་བཏོན་པའི་གྲངས་འབོར་སྔོན་དཔག་བྱས་ན་ཕྱུགས་ར་10000ལས་བརྒལ་རྒྱུ་རེད།

ད་ལོ་ལོ་55ལ་སླེབས་པའི་གྲོང་མི་ཝང་ཤིན་ཕུའུ་ཡིས་ཐོན་སྐྱེད་རུ་ཁག་ལ་ལུག་འཚོ་བ་ནས་རང་ཉིད་གྲོང་ཚོའི་གསོ་ཚགས་དུད་ཚང་ཆེ་གྲས་སུ་གྱུར་པ་དང་། ཡན་ཁྲི་རྫོང་གི་གསོ་ཚགས་དང་། ར་གསོ། གསོ་ཚགས་ཁས་ལེན་བཅས་བྱེད་སྟངས་གསུམ་བརྒྱུད་ནས། གསོ་ཚགས་ཀྱི་ཁ་ཕྱོགས་དེ་“ལུག་རྒྱགས་གསོ་”ནས་“ལུག་གསོ་ཐོན་སྐྱེད་བྱེད་པའི་”བར་འགྱུར་ལྡོག་ཕྱིན་ནས་དུས་རབས་ཕྱེད་ཀའི་ནང་ཁྱིམ་མི་ཚང་མའི་དགའ་སྐྱོ་ནི་ལུག་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ལོ་ན་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཝང་ཤིན་ཕུའུ་དང་བཟའ་ཟླ་རིམ་བཞིན་བུ་ཚ་དང་བཅས་པའི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད།
མ་ཨེར་ཀྲོང་གི་གྲམ་ཐང་གི་ལུག་འཚོང་རྒྱུར་སེམས་ཁྲལ་མི་བྱེད་པར་གཉེར་སྐྱོང་ལམ་སྲོལ་ཐད། མ་ཨེར་ཀྲོང་གིས་“ཏང་ཀྲི་པུའུ་+དཔལ་འབྱོར་མཉམ་ལས་ཁང་+ཁེ་ལས་”ཀྱི་མཉམ་འགུལ་རྣམ་པ་ཞིག་འཚོལ་ཞིབ་བྱས། ཐན་ཡང་ཚོགས་པ་དང་ཤིན་ཧའེ་བཟའ་བཅའ་སོགས་སྣེ་འདྲེན་ཁེ་ལས་དང་“མངགས་ཐོ་གསོ་སྤེལ་དང་རིན་གོང་འགན་ལེན་ཉོ་སྒྲུབ་”ཀྱི་གན་རྒྱ་བཞག་ནས་མ་མཐའི་ཉོ་སྒྲུབ་ལ་བརྟེན་ནས་གསོ་སྤེལ་གྱི་སྔོན་དཔག་བརྟན་པོ་ཡོང་བར་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་སྣོད་བཅུད་འབྲོག་ར་སྤུས་ཚད་མཐོ་བའི་འཁོར་སྐྱོད་དང་གསོ་སྤེལ་དུད་ཚང་རྒྱུན་མཐུད་ངང་འབབ་འཕར་གྱི་འགན་ལེན་ནུས་ལྡན་བྱས་ཡོད།

ཧྥེང་ཅི་ཀོའུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏང་ཞའོ་ཡན་གྱིས་ཐན་ལུག་ཐོན་ལས་ནི་རྫོང་ཡོངས་ཀྱི་“ཐོན་ལས་ཨང་དང་པོ་”ཡིན་ལ་ཤང་གི་ལྟེ་བའི་གསོ་སྤེལ་ལས་རིགས་ཀྱང་ཡིན། མིག་སྔར་ཤང་ཡོངས་ཀྱི་ཐན་ལུག་ཁྱོན་ཁྲི་17ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་ཁྲི་1འཕར་བ་དང་དུས་མཚུངས་ལས་6.5%འཕར་ཡོད། ཤང་ཡོངས་ཀྱི་གྲོང་ཚོ་8ཚང་མ་རང་སྐྱོང་ལྗོངས་ཐན་ལུག་དཔེ་སྟོན་གྲོང་ཚོར་བདམས་པ་དང་ཁྱོན་ཐན་ལུག་སྟོང་ཡན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་16དང་ཐན་ལུག་300ཡན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་208ཡོད་པ་རེད།
ད་ལྟའི་བར་ཡན་ཁྲེ་རྫོང་གིས་རིམ་རྩིས་བརྒྱབ་ན་གྲམ་ཐང་གི་ལུག་གསོ་ཚགས་དུད་ཚང་ཁྲི་1ལྷག་ཙམ་འཕེལ་རྒྱས་བཏང་བ་དང་གྲམ་ཐང་གི་ལུག་གསོ་ཚགས་བྱེད་ཚད་ཁྲི་330ཡན་ཟིན་ནས་རྫོང་དེ་ཡོངས་ཀྱི་ཞིང་པའི་ཡོང་འབབ་ཕྱེད་ཀ་ཡན་ཐད་ཀར་གྲམ་ཐང་གི་ལུག་ཐོན་ལས་ལས་བྱུང་བ་རེད།