གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་09ཉིན། 10:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་30573ཟིན་པ་དེ་དུས་མཚུངས་ལས་24.8%འཕར་ཡོད་པ་རེད།
ཟླ་5པར། རྒྱལ་ཡོངས་སུ་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6268ཟིན་པ་དེ་དུས་མཚུངས་ལས་23.6%འཕར་ཞིང་། ཉོ་ཚོང་ཁྱབ་ཁོངས་ནས་བལྟས་ཚེ། ཞིང་ཆེན་ནང་ཁུལ་དུ་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4906ཟིན་པ་དེ་དུས་མཚུངས་ལས་26.9%འཕར་བ་དང་། ཞིང་ཆེན་དང་ས་ཁུལ་བསྒྲལ་ནས་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1362ཟིན་པ་དེ་དུས་མཚུངས་ལས་12.9%འཕར་ཡོད། ཉོ་ཚོང་སྣ་ཁ་ནས་བལྟས་ཚེ། དུས་ཡུན་རིང་འབྲིང་གི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5617ཟིན་པ་དང་། ལག་ཡོད་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་651ཟིན་པ། ནུས་རྒྱུ་གཙང་མའི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་311ཟིན་པ་དེ་དུས་མཚུངས་ལས་6.1%འཕར་བ་བཅས་རེད།