འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་26ཉིན།

༄༅།།མདུན་སྐྱོད་ཀྲུང་གོ། 《ཏ་པེ་རི་བོར་དར་དམར་མི་འགྱེལ》ཞེས་པའི་དངོས་ལྗོངས་ཟློས་གར།

མི་དམངས་དྲ་བའི“ཀྲུང་གོར་སྐྱོད་པའི”ཧོ་ནན་བརྟག་ཞིབ་བཅར་འདྲི་ཚོགས་པ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་25ཉིན། 16:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

 

   2026ལོའི་ཟླ་6ཚེས་23ཉིན། གསར་བརྗེའི་དངོས་ལྗོངས་ཟློས་གར་ཆེ་གྲས་《ཏ་པེ་རི་བོར་དར་དམར་མི་འགྱེལ》ཞེས་པ་ཧོ་ནན་ཞིང་ཆེན་ཤིན་རྫོང་གི་ཅང་ཅུན་རི་འདབས་སུ་འཁྲབ་སྟོན་བྱས་པ་རེད། གར་སྟེགས་ཐོག་ཏ་པེ་རི་བོའི་རི་ཁུལ་གྱི་རྣམ་པ་སླར་གསོ་བྱས་པ་དང་། འཁྲབ་སྟོན་པ་རྣམས་གསར་བརྗེའི་འཐབ་འཛིང་པ་དང་གནས་གཞིའི་ས་ཁུལ་རྙིང་པའི་མང་ཚོགས་འཁྲབ་ནས། དམག་དམངས་ཀྱིས་བློ་གཅིག་སེམས་གཅིག་གིས་གནས་གཞིའི་ས་ཁུལ་བརྟན་སྲུང་བྱེད་པའི་རྣམ་པ་བསྐྱར་དུ་མངོན་པ་དང་། ས་གནས་ས་ཐོག་གི་ལྟད་མོ་བ་ཚོས་ཏ་པེ་རི་བོའི་སྙིང་སྟོབས་མྱོང་ཚོར་བྱས་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། དངོས་ལྗོངས་ཟློས་གར་དེས“ལོ་28རིང་དར་དམར་མི་འགྱེལ་བའི”ཏ་པེ་རི་བོའི་གསར་བརྗེའི་ངོ་མཚར་གཙོ་གནད་དུ་བྱས་ནས། “དར་དམར་གཅིག དར་ཆ་འཁྱེར་མཁན་ཁྲི་སྟོང་”ལ་བརྟེན་ནས་ཏ་པེ་རི་བོའི་མཚོན་བྱེད་རང་བཞིན་ལྡན་པའི་གསར་བརྗེའི་ལོ་རྒྱུས་དང་། དེ་བཞིན་དཔའ་བོའི་མི་སྣ་དང་འབྲེལ་བ་བྱས་ནས། ཏ་པེ་རི་བོའི་མི་དམངས་ཀྱིས་དམག་འཁྲུག་གི་མེ་ལྕེ་ཁྲོད་དད་མོས་བརྟན་སྲུང་དང་སྔ་སྐྱོད་རྗེས་མཐུད་བྱེད་པའི་དཔའ་བོའི་ལོ་རྒྱུས་གསོན་ཉམས་དོད་པོ་འཁྲབ་ཡོད།