འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་24ཉིན།

༄༅།།མདུན་སྐྱོད་ཀྲུང་གོ། བཟོ་ལས་ཀྱི་“ཞབས་བྲོའི་རོལ་དབྱངས”ལ་མཚམས་བཞག་མེད།

མི་དམངས་དྲ་བའི“མདུན་བསྐྱོད་ཀྱི་ཀྲུང་གོ”ཨན་ཧུའེ་རྟོག་ཞིབ་དང་བཅར་འདྲི་ཚོགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་15ཉིན། 14:44】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཝུའུ་ཧུའུ་གྲོང་ཁྱེར་དབྱི་ཅང་ཆུས་སུ་གནས་པའི་ཆི་རུའེ་ཚོང་སྤྱོད་རླངས་འཁོར་མཉམ་འབྲེལ་ལྗིད་ཐེག་རླངས་འཁོར་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། ཐོག་མར་དབང་ལམ་དུ་སྣང་བ་ནི་མིག་གིས་མཐོང་བའི་གཟུགས་རིས་མ་ཡིན་པར། སྣ་བས་ཐོས་པའི་སྐད་སྒྲ་རེད།

དབུགས་སྣོན་སྐམ་པའི་སྒྲ་དང་། རླུང་མདའི་སྒྲ། ལྕགས་སྡེར་བརྗེ་བའི་སྒྲ་སོགས་ཀྱིས་ཐུན་མོང་མ་ཡིན་པའི་བཟོ་ལས་ཀྱི“ཞབས་བྲོའི་རོལ་དབྱངས”ཤིག་གྲུབ་ཡོད།

སྤྱིའི་སྒྲིག་སྦྱོར་ལས་རིམ་དེ་དལ་ཡང་སྐད་ཅིག་ཙམ་ཡང་ལྷོད་གཡེང་གཏོང་གི་མེད།

གོམ་པ་རེ་སྔོན་ལ་ནུར་ཚེ་རླངས་འཁོར་ཡོངས་སུ་བཟོས་ཚར་བའི་བར་ཐག་ཉེ་རུ་སོང་བ་མཚོན་གྱི་ཡོད། འདི་རུ་མི་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཡོ་བྱད་ཀྱི་དབྱངས་འགྲོས་དང་། དངོས་རྫས་ཕན་ཚུན་ཐུག་པའི་རྡེག་སྒྲ། ཁ་པར་ལས་སྐབས་འགར་ཐོན་པའི་བརྡ་ཐོ་བཅས་ལས་མེད།

ཐོན་སྐྱེད་ལས་རིམ་དུ་མྱུར་འགྲོས་ཀྱིས་འཁོར་རྒྱུག་བྱེད་པ་དང་ལས་གནས་རེ་རེ་བྲེལ་བ་ཆེ་ཡང་གོ་རིམ་ལྡན། ཚ་ལ་རྒྱག་པ་ནས་རྫས་བྱུགས་པའི་བར། འཁོར་སྒྲོམ་ནས་སྤྱི་སྒྲིག་བར་མཉམ་འབྲེལ་ཐོན་སྐྱེད་སྒྲིག་ཆས་ཀྱི་ནུས་ཕྱོད་ཆེ་ལ་གོ་རིམ་ལྡན་པས། མིག་སྔར་ཉིན་རེར་ལྗིད་འཁོར་80ནས་120བར་ཐོན་སྐྱེད་བྱེད་ཐུབ། ཐོན་ཚད་ཇེ་མང་དུ་འགྲོ་བའི་སྐབས་སྤུས་ཚད་ཚོད་འཛིན་དེ་བས་དམ་དུ་འགྲོ་གི་ཡོད།

འཁོར་ཁང་གི་རྒན་ལགས་ཀྱིས་བཤད་རྒྱུར། “བརྒྱུད་རིམ་བརྟག་བཤེར་ནས་རླངས་འཁོར་ཧྲིལ་པོ་ཚོད་ལྟ་བྱེད་པའི་བར་ལྷུ་ཚིགས་རེ་རེར་དེ་དང་འཚམ་པའི་རྒྱུ་སྤུས་ཚོད་འཛིན་མི་སྣ་བཀོད་སྒྲིག་བྱས་ཡོད། ཐོན་སྐྱེད་ལས་རིམ་ནས་ཐོན་པའི་ལྗིད་ཐེག་རླངས་འཁོར་ཚང་མས་ཉམས་སད་ཐེག་ཐུབ།” དཀའ་ལས་རྒྱབ་ནས་བྱ་བཞག་སྐྲུན། ལས་བཟོ་ཚང་མས་འབད་བརྩོན་བྱེད་ཅེས་པ་ལྟར་ཐོན་སྐྱེད་འཐབ་ས་དང་པོའི་སྤྱོད་ཚུལ་བཟང་པོ་འདི་ནི་ཆི་རུའེ་ཁེ་ལས་རིག་གནས་ཀྱི་རྒྱུན་སྲིང་ཡིན་འདུག

ཝུའུ་ཧུའུ་སྤྱི་ཁྱབ་སྒྲིག་སྦྱོར་འཁོར་ཁང་གི་ལྡིར་སྒྲ་ནས་རྒྱལ་ཡོངས་གཞུང་ལམ་སྟེང་དུ་མགྱོགས་མྱུར་རྒྱུག་པའི་རླངས་འཁོར་བར་དུ། མཉམ་འབྲེལ་ལྗིད་ཐེག་རླངས་འཁོར་གྱིས་ཐུན་མིན་གནས་བབ་ལས་འདས་པའི་ལམ་བུ་ཞིག་བཏོད་ཡོད། རླངས་འཁོར་ཐོན་སྐྱེད་ལས་རིམ་ནས་ཐོན་པའི་སྐབས་དེ་ནི་སོ་སོའི་གཏམ་རྒྱུད་འགོ་བརྩམས་པ་མཚོན་ཞིང་། རླངས་འཁོར་རེ་རེ་རྩིས་སྤྲོད་བྱས་ནས་སོ་སོའི་ལེ་བར་ཁྲི་ལ་བསྐྱོད་འགོ་བརྩམས་པ་ནས་བཟུང་གཏམ་རྒྱུད་འདི་ལ་མཚུངས་མིན་གྱི་མཇུག་འབྲས་ཤིག་ཡོད་ངེས།

ཆི་རུའེ་ཚོང་སྤྱོད་རླངས་འཁོར་གྱིས་སླར་ཡང་དུང་ཕྱུར་རིམ་པའི་མི་འགྲུལ་རླངས་འཁོར་གྱི་ལས་སྒོ་ཞིག་གཏོད་རྒྱུ་དམིགས་ཡུལ་དུ་བྱས་ནས། ནུས་རྒྱུ་གསར་པའི་རིགས་སྒྱུར་གྱི་རླུང་ཕྱོགས་དམ་འཛིན་བྱས་ཏེ་ལྗིད་འཁོར་དང་། ཕི་ཁ་རླངས་འཁོར། ཡང་འཁོར་སོགས་ཕྱིར་ཚོང་བྱེད་ཚད་མྱུར་དུ་འཕར་ཡོད།

འདས་མ་ཐག་པའི་ཟླ་བ་ལྔ་པའི་ནང་། ཆི་རུའེ་ཚོང་སྤྱོད་རླངས་འཁོར་ཟླ་བ་རེར་བྲིན་ཚད་10009ཟིན་ནས་དུས་མཚུངས་ལས་41%འཕར་བའི་ནང་ལྗིད་ཐེག་རླངས་འཁོར་དུས་མཚུངས་ལས་255%འཕར་ནས་ཟླ་བ་17ལ་བསྟུད་མར་དུས་མཚུངས་ལས་100%ལྷག་ཙམ་འཕར་བ་དེ་ལས་རིགས་དེར་བྲིན་ཚད་དང་གདེང་འཇོག་གཉིས་ཀ་དུས་གཅིག་ཏུ་འཕར་བའི་ཚད་གཞིའི་ཁེ་ལས་ཉུང་ཤས་ཤིག་ཏུ་གྱུར་ཡོད་པ་རེད།