འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་15ཉིན།

༄༅།།རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཞིང་ཆེན་བདུན་ལ་དམིགས་ནས་འབྲུབ་འགོག་གི་རིམ་བཞིའི་འཕྲལ་སྡོམ་དང་ལེན་ཞུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་15ཉིན། 14:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་12ཉིན་གྱི་སྔ་དྲོར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རང་བྱུང་ཐོན་ཁུངས་དང་། ཆུ་བེད། གནམ་གཤིས་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཉམ་དུ་གྲོས་མོལ་བྱས་ཤིང་། ཀྲེ་ཅང་དང་། ཧྥུའུ་ཅན། ཅང་ཤིས། ཀོང་ཏུང་། ཀོང་ཤིས་སོགས་ཞིང་ཆེན་11དང་བརྙན་ལམ་བརྒྱུད་བཀོད་གཏོང་བྱས་ཏེ། རེས་འཁོར་གསར་པའི་དྲག་ཆར་འབབ་ཚུལ་ལ་བརྡར་གཅོད་བྱས་ནས། གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་ལས་དོན་ཁག་ཞིབ་འཇུག་བཀོད་སྒྲིག་བྱས་ཡོད། ཚེས་12ཉིན་གྱི་ཆུ་ཚོད་10པ་ཙམ་ལ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཀོང་ཏུང་དང་། ཀོང་ཤིས། ཅང་ཤིས། ཧྥུའུ་ཅན། ཀྲེ་ཅང་། ཀུའེ་ཀྲོའུ། ཧུའུ་ནན་བཅས་ཞིང་ཆེན་བདུན་ལ་དམིགས་ནས་འབྲུབ་འགོག་གི་རིམ་བཞིའི་འཕྲལ་སྡོམ་དང་ལེན་ཞུ་འགོ་ཚུགས་པ་མ་ཟད། ལས་དོན་ཚོགས་ཆུང་གཉིས་ས་གནས་སུ་འབྲུབ་འགོག་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བཏང་ཡོད། ཚེས་12ཉིན་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཅང་ཤིས་དང་། ཀོང་ཏུང་། ཀོང་ཤིས་བཅས་ལ་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཡོད།

ཚེས་12ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་དམངས་སྲིད་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། ཚོང་དོན་པུའུ། རིག་གནས་ཡུལ་སྐོར་པུའུ་བཅས་དང་མཉམ་དུ་2026ལོའི་འགག་གནད་ཀྱི་འབྲུབ་ཆུ་བརྟན་སྒྲོལ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཆེད་དོན་བྱ་སྤྱོད་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། འགག་གནད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་འབྲུབ་ཆུ་བརྟན་སྒྲོལ་གྱི་ལས་དོན་སྔར་བས་བཀོད་སྒྲིག་བྱས་པ་རེད།