འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་8ཉིན།

༄༅།།ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་15%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་08ཉིན། 14:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་24853.2ཟིན་པ་དེ་དུས་མཚུངས་ལས་4.9%འཕར་བ་དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་9850ཟིན་ནས་དུས་མཚུངས་ལས་15%འཕར་ཡོད་པ་རེད།

     ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་མགྱོགས་ཙམ་འཕར་བ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་དང་པོ་ནས་བཞི་པའི་བར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་11041.8ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ནས་སྤྱིའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བསྡུར་ཚད་ཀྱི་44.4%བཟུང་ཡོད་པ་རེད།

     ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་དང་སྐྱེལ་འདྲེན་ཞབས་ཞུ་ནང་འདྲེན་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་བཞི་པའི་བར། ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1471.5ཟིན་པ་དེ་དུས་མཚུངས་ལས་30.4%འཕར་ནས་ཞབས་ཞུ་ཕྱིར་གཏོང་ཁྱབ་ཁོངས་ཆེ་གྲས་ལྔའི་ནང་འཕར་ཚད་མགྱོགས་ཤོས་ཡིན་པ་རེད། སྐྱེལ་འདྲེན་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3164.5ཟིན་ནས་24.9%འཕར་བ་དང་ཞབས་ཞུ་ནང་འདྲེན་ཁྱབ་ཁོངས་ཆེ་གྲས་ལྔའི་ནང་འཕར་ཚད་མགྱོགས་ཤོས་ཡིན་པ་རེད།