འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་4ཉིན།

སྡེ་ཚན་5ཡིས《འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་ཞིབ་རྩིས་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》བཀྲམ་པ།

༄༅།།འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་ཞིབ་རྩིས་ལ་གཅིག་གྱུར་གྱི་ཚད་གཞི་ཡོད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་04ཉིན། 08:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་སྡེ་ཚན་5ཡིས《འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་ཞིབ་རྩིས་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》བཀྲམ་པ་དེ་ཐོག་ནས་རང་རྒྱལ་གྱིས་འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་ཞིབ་རྩིས་ཐད་གཅིག་གྱུར་གྱི་ཚད་གཞི་བཟོས་ནས་ཐཱན་འབུད་ཚད་ལ་ཚོད་འཛིན་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་དེ་བས་ལེགས་པ་གཏོང་ཆེད་ལམ་ལུགས་ཀྱི་རྨང་གཞི་བཏིང་བ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་འགྱུར་རྡོ་མིན་པའི་ནུས་རྒྱུ་95%ཚང་མ་གློག་ཤུགས་རྣམ་པའི་ཐོག་ནས་འཛད་སྤྱོད་བྱས་པ་ཤ་སྟག་ཡིན་པ་དང་། གློག་གཏོང་ཚད་ཆ་ཤས་དེར་གནད་སྨིན་ཞིབ་རྩིས་བརྒྱབ་པ་ནི་འགྱུར་རྡོ་མིན་པའི་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡུར་ཚད་ལ་ཞིབ་བསྡུར་དང་ཐཱན་འབུད་ཚད་ཀྱི་ཚོད་འཛིན་གཉིས་ལ་དཔྱད་ཞིབ་སོགས་བྱེད་པའི་རྨང་གཞི་རེད། དེ་གོང་། འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་ཞིབ་རྩིས་ལས་དོན་ལ་ཞིབ་རྩིས་སྒྲིག་སྲོལ་གཅིག་གྱུར་མེད་པ་དང་། ཞིབ་རྩིས་བྱ་ཡུལ་ཚང་མར་མི་ཁྱབ་པ། སྲིད་ཇུས་དང་ལམ་སྲོལ་མི་འདྲ་བ་ཕན་ཚུན་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གནད་དོན་འཕྲད་ཡོད། ཕྱོགས་སྟོན་ནང་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་དང་། གློག་ཤུགས་དང་སྤྱོད་མཁན་གྱི་འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་ཞིབ་རྩིས་བྱེད་ཐབས་གཅིག་གྱུར་ཁ་གསལ་བཟོས་ཡོད།

ཆུ་ཚོད་ཆན་ཝ་རེར་འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་གཏོགས་ཁོངས་རིགས་དབྱེ་ནས་ངེས་གཟུང་བྱས་ཤིང་། ཕྱོགས་སྟོན་ནང་ངེས་གཟུང་བྱེད་ཐབས་ཁག་གསུམ་ཁ་གསལ་བཏོན་པ་སྟེ། གཅིག་ནི་དངོས་ཁམས་ངེས་གཟུང་ཡིན་ཞིང་། དེའི་ནང་འགྱུར་རྡོ་མིན་པའི་ནུས་གློག་གི་རང་འགུལ་གློག་སྤྱོད་ཚད་དང་ལྗང་མདོག་གློག་ཤུགས་ཐད་སྦྲེལ་སོགས་ལས་རྣམ་གསར་པ་དང་རྣམ་པ་གསར་པའི་རང་འགུལ་གློག་སྤྱོད་ཚད་དང་འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་གཏོང་རྣམ་གྲངས་ཀྱི་ཐོན་སྐྱེད་དང་གློག་སྤྱོད་ཚད་སོགས་ཚུད་ཡོད། གཉིས་ནི་ཉོ་ཚོང་ངེས་གཟུང་ཡིན་ཞིང་། དེའི་ནང་འགྱུར་རྡོ་མིན་པའི་ནུས་གློག་དེ་གློག་ནུས་ཉོ་ཚོང་དང་ལྗང་མདོག་ལག་ཁྱེར་ཉོ་ཚོང་སོགས་ཀྱི་བྱེད་ཐབས་ནང་ཞུགས་པ། གསུམ་ནི་ཆ་གསེས་ངེས་གཟུང་ཡིན་ཞིང་། གཙོ་བོ་དངོས་ཁམས་ངེས་གཟུང་དང་ཉོ་ཚོང་ངེས་གཟུང་ནང་ཞུགས་མེད་པའི་འགྱུར་རྡོ་མིན་པའི་ནུས་གློག་ལ་དམིགས་ནས་ཞིབ་རྩིས་ཀྱི་ཆ་ཚང་རང་བཞིན་ལ་འགན་ལེན་བྱ་ཆེད། ཞིང་ཆེན་དབར་གྱི་ཆ་གསེས་དང་ཞིང་ཆེན་ནང་ཁུལ་གྱི་ཆ་གསེས་ནང་འཇུག་རྒྱུ་ཡིན་པ་རེད།

འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་བྱེད་ཚད་ཀྱི་ཞིབ་རྩིས་བྱེད་ཐབས་ཁ་གསལ་བཟོས་ཤིང་། ཕྱོགས་སྟོན་ནང་ཞིང་ཆེན་རིམ་པ་དང་། ས་ཁུལ་དང་གྲོང་ཁྱེར། གློག་སྤྱོད་མཁན་བཅས་ཀྱི་འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་བྱེད་ཚད་ཀྱི་ཞིབ་ཕྲའི་ཞིབ་རྩིས་བྱེད་ཐབས་ཁ་གསལ་བཏོན་པར། རིམ་པ་མི་འདྲ་བའི་གྲངས་གཞིའི་དགོས་མཁོ་འབྲེལ་མཐུད་གཅིག་གྱུར་ལ་བསམ་གཞིག་བྱས་ཡོད་ལ་ཞིབ་རྩིས་བསྐྱར་ཟློས་མི་ཡོང་བའང་བྱས་ཡོད། རིམ་པ་གཅིག་མཚུངས་ཀྱི་ཞིབ་རྩིས་ཁྲོད། ཆུ་ཚོད་ཆན་ཝ་རེར་འགྱུར་རྡོ་མིན་པའི་ནུས་གློག་འཛད་སྤྱོད་བྱེད་ཚད་ངེས་གཟུང་བྱེད་ཐབས་གཅིག་ཁོ་ན་སྤྱོད་པ་དང་བྱེད་པོ་གཅིག་ཁོ་ནར་ངེས་བཟུང་སྟེ་ཞིབ་རྩིས་བྱེད་ཐབས་ཀྱི་ཚན་རིག་རང་བཞིན་ལ་འགན་ལེན་བྱས་ཡོད།