འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་4ཉིན།

༄༅།།རྒྱལ་ཡོངས་ཀྱིས་དབྱར་གྲོ་མུའུ་ཁྲི་9519བསྡུས་ཟིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་04ཉིན། 08:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཟླ་6ཚེས་1ཉིན། ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཧོའེ་དབྱིན་ཆུས་ལིའུ་ལའོ་ཀྲོང་གྲོང་རྡལ་གྱི་ཞིང་པ་ཚོས་གྲོ་བསྡུ་བཞིན་པ།

ཟླ་6ཚེས་1ཉིན། ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཧོའེ་དབྱིན་ཆུས་ལིའུ་ལའོ་ཀྲོང་གྲོང་རྡལ་གྱི་ཞིང་པ་ཚོས་གྲོ་བསྡུ་བཞིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ཀྱི་གནས་ཚུལ་བཀོད་གཏོང་གསར་ཤོས་ལ་གཞིགས་ན། ཟླ་6ཚེས་1ཉིན་གྱི་ཆུ་ཚོད་17པའི་བར་རྒྱལ་ཡོངས་ཀྱིས་དབྱར་གྲོ་མུའུ་ཁྲི་9519བསྡུས་ནས་བསྡུ་ཚད་28.06%ཟིན་པ་དང་། ཉིན་དེར་མུའུ་ཁྲི་1906གི་སར་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་22.94(ན་ནིང་གི་ཉིན་དེར་མུའུ་ཁྲི་435ཡི་སར་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་7.83བཏང་བ)བཏང་ཡོད།

ས་གནས་ཕྱེ་ནས་བལྟས་ཚེ། ཨན་ཧུའེ་རུ་གྲོ་བསྡུ་ཚད་ཕྱེད་ཀ་ཡན་ཟིན་པ་དང་། ཧོ་ནན་དུ་གྲོ་བསྡུ་ཚད་བཅུ་ཆ་གསུམ་དང་ཕྱེད་ཙམ་ཟིན་པ། ཅང་སུའུ་དང་ཧྲའན་ཤིས་སུ་བཅུ་ཆ་གཅིག་ཙམ་ཟིན་པ། ཧྲན་ཏུང་དང་ཧྲན་ཤིས་སུ་གྲོ་ཐར་ཐོར་དུ་བསྡུས་ནས་ལྷོ་ནུབ་ས་ཁུལ་གྱི་གྲོའི་ཐོན་འབབ་བདེ་བླག་ངང་བསྡུ་ཐུབ་ཡོད།

ད་ལོར་རྒྱལ་ཡོངས་ཀྱི་དགུན་གྲོ་འདེབས་ཁྱོན་མུའུ་དུང་ཕྱུར་3.4ཙམ་ཟིན་ཡོད། ཆར་ཆུ་མང་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་གཅོག་ཆེད། གྲོ་བསྡུ་བའི་གཙོ་གནད་ཞིང་ཆེན་9(རྨ་ཆུ་དང་། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་རྒྱུག་ཁུལ་གྱི་ཞིང་ཆེན་8དང་སི་ཁྲོན)ཡི་ས་ཁོངས་ཀྱི་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལྟེ་གནས་3300ལྷག་ཙམ་དང་། ས་ཁོངས་ཀྱི་ཞིང་ལས་འཕྲལ་སྡོམ་གེགས་སེལ་ལྟེ་གནས་2000ལྷག་ཙམ། རྒྱུན་རྣམ་ཅན་གྱི་ཞིང་ལས་འཕྲུལ་ཆས་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུ་རུ་ཁག་5900ལྷག་ཙམ་བཅས་སྒྲིག་འཛུགས་བྱས་ཏེ། སྨིན་ཟིན་པའི་གྲོ་ནུས་ཤུགས་ཡོད་རྒུས་འོས་འཚམ་དང་མགྱོགས་མྱུར་བསྡུས་ནས་ཉི་སྐམ་གཏོང་དགོས་རིགས་ཚང་མ་ཉི་སྐམ་གཏོང་ཐུབ་པ་བྱུང་ཡོད།

ད་ཆ་ནི་གྲོ་བསྡུ་བའི་འགག་རྩའི་དུས་ཚིགས་ཡིན་པས། ས་གནས་ཁག་གི་ཞིང་པས་ཞིང་དུས་དང་གནམ་གཤིས་ཡག་པོར་དམ་འཛིན་བྱས་ཏེ་ཉིན་མཚན་བསྟུད་མར་གྲོ་བསྡུ་བཞིན་ཡོད་པ་རེད།