འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་3ཉིན།

༄༅།།རང་བྱུང་ཐོན་ཁུངས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་03ཉིན། 14:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

སི་ཁྲོན་ལྷོ་རྒྱུད་ཀྱི་དབུས་རྒྱུད་ས་ཁུལ་དུ་གསོར་སྒྲོམ་མཐོན་པོར་བསླངས་ཤིང་འཕྲུལ་འཁོར་གྱི་ལྡིར་སྒྲ་འུར་འུར་དུ་གྲགས། ཟླ་5ཚེས་29ཉིན། སི་ཁྲོན་ཙི་ཀུང་རང་བྱུང་སོལ་རླངས་རྩད་ཞིབ་གསར་སྤེལ་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། རྣམ་གྲངས་དོན་འཁྱོལ་ལ་འགན་སྲུང་བྱ་ཆེད། རང་བྱུང་ཐོན་ཁུངས་པུའི་དངོས་སྡོད་ཞིབ་འཇུག་ཞབས་ཞུ་ཚོགས་ཆུང་གིས་ས་གནས་ཀྱི་ལས་བྱེད་པ་དང་། ཁེ་ལས་ཀྱི་འགན་འཁུར་བ། རིགས་གཅིག་མཁས་ཅན་བཅས་དང་མཉམ་དུ་ཆེད་དོན་ཞིབ་འཇུག་དང་བརྡར་ཤ་ཐེངས་མང་བཅད་དེ་སྣུམ་རླངས་ཐོན་ཁུངས་ཀྱི་འཁོར་འབྲེལ་ཧྲིལ་པོའི་རང་བྱུང་ཐོན་ཁུངས་ཀྱི་འགན་སྲུང་སྲིད་ཇུས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་རེད།

གཏིང་ངོས་ཐོན་ཁུངས་རྩད་ཞིབ་ཀྱི་བྲེལ་བརྩོན་ཆེ་བའི་འཐབ་ས་དང་པོ་ནས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོ་བར་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱེད་ཀྱི་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ངལ་རྩོལ་གྱི་ལས་ཕྱོད་དང་། མ་རྩའི་ལས་ཕྱོད། ས་ཆའི་ལས་ཕྱོད། ཐོན་ཁུངས་ཀྱི་ལས་ཕྱོད། ཁོར་ཡུག་གི་ལས་ཕྱོད་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་ལས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ”ནི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གྱི་གྲས་ཤིག་རེད། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲོད་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི“གྲུ་རྡོ”ལྟ་བུའི་ནུས་པ་གང་ལེགས་བཏོན་ཏེ། རྨོ་ཞིང་སྲུང་སྐྱོང་དང་། གཏེར་ཁ་འགན་སྲུང་། སྐྱེ་ཁམས་སླར་གསོ། མཚོ་གཏིང་དང་གླིང་སྣེའི་འཚོལ་ཞིབ་སོགས་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱིས་ལག་ལེན་བསྟར་རྩིས་ཡོད་པའི་གཙོ་གནད་ལས་གྲྭ་109ལ་དམིགས་ནས། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱས་པའི“ཁྲག་རྩ་ཕྲ་མོ” ཕྱོགས་ཡོངས་ནས་གཤོང་བཞིན་ཡོད།

—— སྔོན་ཚུད་ནས་ཞབས་འདེགས་ཞུས་ཏེ་འཐབ་ས་དང་པོར་རྒྱུ་རྐྱེན་གཙོ་བོའི་འཇུར་མིག་བསལ་བ།

ཧྲན་ཏུང་ལུང་པའོ་རི་བོའི་ཞི་ཐུའུ་གཏེར་ཁུལ་དུ“གཏེར་ཁ་ཡོད་པ་བརྡར་ཤ་བཅད་ཀྱང་མི་རྙེད་པའི”དཀའ་གནས་སུ་གྱར་ཡོད། རང་བྱུང་ཐོན་ཁུངས་པུའི་དངོས་སྡོད་ཞིབ་འཇུག་ཞབས་ཞུ་ཚོགས་ཆུང་གིས་གནས་ཚུལ་ཤེས་འཕྲལ་ཆུ་ཚོད་48ཀྱི་ནང་ཚུན་དུ་རིགས་གཅིག་མཁས་ཅན་གྱིས་རོགས་སྐྱོར་བྱ་རྒྱུ་མཐུན་སྦྱོར་བྱས་པས་གཏེར་ཁ་འཚོལ་བར་མཐུན་རྐྱེན་བསྐྲུན་ཡོད། ཧུའུ་པེ་པཱ་ཏུང་ནས་ཧུའུ་ནན་ཀྲང་ཅཱ་ཅེ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་རི་ཁུལ་གྱི་ས་ཆ་སྤྱོད་པའི་འཇུར་མིག་གི་ཚོད་འཛིན་ཕོག་པས། ཞབས་ཞུ་ཚོགས་ཆུང་གིས“མཐའ་མཚམས་ཀྱི་ལྡེམ་གཤིས་ལེགས་སྒྲིག་དང་གསོག་ཚད་ཕན་སྒྱུར”ཐད་ཤུགས་སྣོན་བརྒྱབ་པས་ཉིན་གསུམ་ནང་འགོ་མཇུག་གསལ་པོ་བྱུང་བ་རེད།

“དཔལ་འབྱོར་ཞིང་ཆེན་ཆེན་པོས་ལྕི་འགན་འཁུར་རྒྱུར”ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་ཆེད། རང་བྱུང་ཐོན་ཁུངས་པུའི་ལས་དོན་ཚོགས་ཆུང་12ཀྱིས་འཐབ་ས་དང་པོར་བསྐྱོད་དེ་ཡུག་གཅིག་ཏུ་གནས་སྡོད་བྱས་པ་དང་། པུའུ་དང་ཞིང་ཆེན་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་རིམ་རྩིས་བརྒྱབ་ན་དཀའ་གནད་སྣ་ཚོགས་506ཐག་གཅོད་བྱས་པ་དང་། 2026ལོར་གཙོ་གནད་རྣམ་གྲངས་293མགྱོགས་མྱུར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད།

—— སྒྱུར་བཅོས་ཟབ་ཏུ་བཏང་ནས་གཅིག་གྱུར་འཆར་འགོད་ཀྱིས་བར་མཐོངས་ཀྱི་བཀོད་པ་བསྐྱར་སྒྲིག་བྱས་པ།

ཀྲེ་ཅང་ཧྲའོ་ཤིང་ཀྲེ་ཙུའོ་ཞིང་ནང་དུ་དེང་རབས་ཅན་གྱི་དྲོད་ཁང་ཆེན་པོ་དང་ཀོག་ཧྥེ་ཁང་གཅིག་ལ་གཅིག་འབྲེལ་དུ་གནས་ཡོད། “ཞིང་ནང་གི་མཛེས་ལྗོངས་ཡག་པོར་བརྟེན་ནས་ཡུལ་སྐོར་བ་མང་དུས་སུ་ང་ཚོར་ཉིན་རེར་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་ཟིན་གྱི་འདུག”ཅེས་ཀུའུ་ཆིའུ་ཀོག་ཧྥེ་ཁང་གི་སྦྱིན་བདག་གིས་བཤད།

ད་ལོའི་ཟླ་3པར། “ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་རྣམ་གྲངས་ལས་འགོ་འཛུགས་པར་འདེགས་སྐྱོར་བྱ་ཆེད། རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་འབྲེལ་ཐོག་སྲིད་ཇུས་བྱ་ཐབས་ཁག་13བཏོན་པ་རེད། ས་ཞིང་དང་། ནགས་ཚལ། རྩྭ་ཐང་། མཚོ་བཅས་ལ་སྤྱོད་པའི་མཉམ་འགུལ་ཞིབ་མཆན་ཁྱབ་གདལ་ཤུགས་ཆེན་བཏང་ནས་པུའུ་རིམ་པའི་སྲིད་འཛིན་ཞིབ་མཆན“གཅིག་འཐུས་རྣམ་པའི”ཐོག་ནས་གཅིག་སྡུད་ངང་གཉེར་ཏེ་ཞིབ་བཤེར་ལྷུ་ཚིགས་2/3ཉུང་དུ་བཏང་ཡོད།

ཟླ་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་སུ་ཆོག་མཆན་ཐོབ་པའི་འཛུགས་སྐྲུན་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་6.89ཟིན་པ་དེ་དུས་མཚུངས་ལས་32.0%འཕར་ཡོད། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལས་མྱུར་ཚད་མགྱོགས་སུ་ཕྱིན་ཏེ་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གཞི་སྒྲོམ་བརྟན་པོར་བཏེགས་ཡོད།

—— བཅོས་སྐྱོང་ཞིབ་ཚགས་བྱས་ནས་གྲངས་འཛིན་གྱིས་བཀོད་སྒྲིག་གི་ཕན་ནུས་ཆེ་རུ་གཏོང་བར་མཐུན་རྐྱེན་སྦྱོར་བ།

ཆེ་རྩིས་དང་ཕུགས་རྩིས་རྒྱག་པར། “གསོག་འབོར་གྱིས་འཕར་གྲངས་ཚོད་འཛིན”བྱས་ཏེ་གྲོང་ཁྱེར་གྱི་རགས་ལས་ཅན་གྱི་ཕྱོགས་སྒྱུར་ལ་ལྡོག་སྐུལ་བྱས་ཤིང་། ཀོང་ཏུང་གི་ཧྲེན་ཀྲེན་དང་། ཉིང་ཞའི་དབྱིན་ཁྲོན། ཧུའུ་ནན་གྱི་ཁྲང་ཧྲ་སོགས་སུ་ས་འོག་བར་མཐོངས་ཀྱི་ཕྱོགས་བསྡུས་གསར་སྤེལ་ཁྱབ་གདལ་ཧུར་ཐག་བཏང་སྟེ་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་གི་གནད་སྨིན་རང་བཞིན་མཐོ་རུ་བཏང་ཡོད།

ཁྲུང་ཆིང་དུ་བརྙན་ཤེལ་ཆེན་པོའི་ཐོག་གི་བྱི་བརྡ་མནན་ཙམ་བྱས་ན་མི་མེད་གནམ་གྲུས་བསྐུར་བའི་དམར་ཕྱིའི་པར་ངོས་དེ་འཁྱུག་ཙམ་ཞིག་ལ་དཀྱུས་ཞེང་དཔངས་གསུམ་གྱི་གྲངས་འཛིན་བར་མཐོངས་སུ་མཉམ་འདྲེས་བྱེད་ཀྱི་ཡོད། དེ་གའི་ལི་སྨི་རིམ་པའི“དངོས་ལྗོངས་ཀྱི་དཀྱུས་ཞེང་དཔངས་གསུམ”ཡུལ་དུས་ཀྱི་གཞི་གདན་དེ་གྲོང་ཁྱེར་སྐྱེ་ཁམས་ཀྱི“གྲངས་འཛིན་སྨན་པར”གྱུར་ནས་སྐྱེ་ཁམས་སླར་གསོའི་རྣམ་གྲངས་423ལ་འཁོར་འབྲེལ་ཧྲིལ་པོའི་འདེགས་སྐྱོར་ཐུབ་སྟེ། སྐྱེ་ཁམས་མཛེས་པ་དང་མང་ཚོགས་ཕྱུག་འགྱུར་གཅིག་གྱུར་ནུས་ལྡན་ཡོང་བར་རམ་འདེགས་བྱས་ཡོད།

—— མཐའ་ཚད་བརྟན་པོ་བསྲུངས་ནས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་སྤྱི་འདོམས་འཆར་འགོད་བྱས་པ།

རྨོ་ཞིང་མུའུ་དུང་ཕྱུར་18.65དང་ཡུན་གཏན་གཞི་རྩའི་ཞིང་ཁ་མུའུ་དུང་ཕྱུར་15.46གི་ལས་འགན་གནད་སྨིན་གཤམ་སྤྲོད་བྱེད་པ་ནི་རྩིས་ཁྲའི་ཐོག་གི་གྲངས་གཞི་ཙམ་མ་ཟད།

ཀྲུང་གོའི་ལྟོ་ཕོར་བརྟན་པོར་བཟུང་བའི་གཞི་རྩ་དེ་བས་རེད། འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱེད་པར་རྨོ་ཞིང་གི་དམར་ཐིག་ངེས་པར་དུ་བརྟན་པོ་སྲུང་དགོས། ཧྲན་ཏུང་ཧྥེ་ཁྲེང་ནུས་གསོག་གློག་ཁང་སོགས་གཙོ་གནད་རྣམ་གྲངས་ལ་དེ་སྔ་ཡུན་གཏན་གཞི་རྩའི་ཞིང་ཁ་ཡིན་པའི་དཀའ་གནད་ཉིས་བརྩེགས་འཕྲད་མྱོང་ཡོད། རང་བྱུང་ཐོན་ཁུངས་པུས་ས་གནས་ལ“གསར་སྤེལ”གནད་སྨིན་བྱེད་པར་མཛུབ་ཁྲིད་བྱས་ཏེ། ཇུས་གཞི་ལེགས་སྒྲིག་བྱས་པ་དེས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱས་པ་ཙམ་མ་ཟད། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་1380དེ་བས་མང་དུ་ཕྱིན་ནས་འཕེལ་རྒྱས་དང་སྲུང་སྐྱོང་གཉིས་ཀར་ཕན་པ་ཐོབ་ཡོད།

“ཐོན་ཁུངས་ཀྱི་རྩ་བ་བརྟན་པོར་སྲུང་བ་དང་བདེ་འཇགས་ཀྱི་གཞི་རྩ་བརྟན་དུ་གཏོང་རྒྱུ་དེ་མི་རིགས་བསྐྱར་དར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བ་དང་འབྲེལ་བ་ཡོད” རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། གཅིག་ནས་མི་སེར་གྱིས་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་ཆ་གཙོ་བོའི་འགན་སྲུང་གི་ཆེད་དུ‘མངོན་ཆེའི་འབད་རྩོལ’བྱེད་དགོས་ལ། གཉིས་ནས་རྗེས་རབས་པར་རྒྱབ་རྟེན་བྱེད་པ་དང་རྨང་གཞི་འདིང་བའི་ཐོན་ཁུངས་སྲུང་སྐྱོང་གི‘མངོན་ཆུང་གི་འབད་རྩོལ་ཡང་བྱེད་དགོས”ཞེས་བརྗོད།