གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་03ཉིན། 14:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
སྐབས་འཕྲལ་སིལ་ཚོང་གི་ཉོ་ཚོང་དངུལ་འབོར་29.2%འཕར་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲུལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་121.7ཟིན་པ་དེ་དུས་མཚུངས་ལས་5.5%འཕར་ནས་ཟོག་འགྲུལ་འཁོར་སྐྱོད་སྤྱི་ཡོངས་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་། ཟོག་འགྲུལ་ཁྲོམ་རའི་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་པ། སྤྲོད་མཁོའི་འཚམ་སྒྲིག་རང་བཞིན་ཆེ་རུ་བརྟན་པོ་ཕྱིན་པ་བཅས་བྱུང་ཡོད་པ་རེད།
བཟོ་ལས་ཟོག་འགྲུལ་ཀྱི་དགོས་མཁོ་བརྟན་པོའི་ངང་འཕར་ཞིང་། ཟླ་དང་པོ་ནས་བཞི་པའི་བར། བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲུལ་དངུལ་འབོར་དུས་མཚུངས་ལས་5.6%འཕར་ནས་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲུལ་དངུལ་འབོར་འཕར་བར་ལེགས་སྐྱེས་འབུལ་ཚད་74%ཟིན་པ་དེ་ནི་ཟོག་འགྲུལ་ལས་རིགས་འཁོར་སྐྱོད་བརྟན་པོ་ཐུབ་པར་འདེགས་སྐྱོར་བྱེད་པའི་ཀ་རྟེན་ཞིག་རེད།
དེའི་ནང་རྩེར་སོན་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འགྲུལ་འཕར་ཤུགས་ཆེན་པོ་ཡོད་ཅིང་། ཟླ་དང་པོ་ནས་བཞི་པའི་བར། ལག་རྩལ་མཐོ་བའི་བཟོ་སྐྲུན་གྱི་འབྲེལ་ཡོད་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་འཕར་ཚད་སྔར་བཞིན་10%མཐོ་བ་ཡོད་པ་རེད།
དམངས་འཚོའི་འཛད་སྤྱོད་ཟོག་འགྲུལ་རིམ་སྤོར་བརྟན་པོ་བྱུང་ཞིང་། ཟླ་དང་པོ་ནས་བཞི་པའི་བར། ཚན་པ་དང་གྲོང་མིའི་དངོས་ཟོག་ཟོག་འགྲུལ་བསྡོམས་འབོར་དུས་མཚུངས་ལས་4.8%འཕར་ཡོད། དྲ་ཐོག་ཚོང་ཟོག་སིལ་ཚོང་དངུལ་འབོར་5.7%འཕར་བ་དེས་ཚོང་ཟོག་སིལ་ཚོང་དངུལ་འབོར་ཡོངས་ཀྱི་བསྡུར་ཚད་ཀྱི་28.2%བཟུང་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.2འཕར་ཡོད། ལྷག་པར་དུ་དྲ་ཐོག་སིལ་ཚོང་དང་དུས་ཐོག་སྡེབ་སྐྱེལ་སོགས་ཀྱི་བྱ་ཐབས་གསར་པ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས། དུས་ཐོག་སིལ་ཚོང་གི་ཉོ་ཚོང་དངུལ་འབོར་29.2%འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར། གྲངས་འཛིན་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་8.4%འཕར་བའི་ནང་། རིག་ནུས་ཁྱིམ་མཁོའི་མ་ལག་དང་རིག་ནུས་འཕྲུལ་མི་སོགས་རིག་ལྡན་འཚོ་བའི་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་16%དང་87.6%སོ་སོར་འཕར་ཡོད་པ་རེད།
གཞན་ཡང་། ཟླ་དང་པོ་ནས་བཞི་པའི་བར། རྩིས་འཁོར་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་14%འཕར་བ་དང་། ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་27.6%འཕར་ནས། གློག་རྡུལ་འཕྲུལ་ཆས་ཀྱི་ལྷུ་ལག་བཟོ་སྐྲུན་དང་རྨང་གཞིའི་ལྷུ་ལག་ཆེ་ཆུང་ལས་སྣོན་སོགས་སྲོལ་རྒྱུན་བཟོ་སྐྲུན་ཐོན་ལས་སྔ་མ་ཤོང་སྐྱེད་ཐོན་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཅིང་། ཟླ་དང་པོ་ནས་བཞི་པའི་བར། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་དང་འབྲེལ་བ་ཡོད་པའི་ཟོག་འགྲུལ་དགོས་མཁོ་དུས་མཚུངས་ལས་7.4%འཕར་བ་དང་། འདུས་གྲུབ་གློག་ལམ་སོགས་ཐོན་ལས་འཁོར་འབྲེལ་གྱི་ལེ་ལག་ཚང་བའི་ཐོན་རྫས་ཀྱི་ཐོན་འབོར་དུས་མཚུངས་ལས་24.7%འཕར་ཡོད་པ་རེད།