འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་2ཉིན།

༄༅།།མདུན་སྐྱོད་ཀྲུང་གོ། ཅང་ཞི་ཡུང་ཤིའུ། ཤ་སྨི་ཁྲོམ་ར་ཆེན་པོར་སྐྱོད་པ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་02ཉིན། 14:01】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཉིན་ཤས་གོང་། ཅང་ཞི་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཡུང་ཤིའུ་རྫོང་ཐུའུ་པུའུ་གྲོང་རྡལ་གྱི་ཤ་སྨི་དང་ཆུ་འབྲས་མཉམ་སྐྱེས་ཆུ་ཞིང་ཞིག་ཏུ་ཤ་སྨི་གསོ་མཁན་ཞིང་པས་གྲུ་ཆུང་བཏང་ནས་ཤ་སྨི་འཛིན་བཞིན་འདུག བླངས་མ་ཐག་པའི་ཤ་སྨི་འབྲུག་དབྱིབས་མ་འཕྲལ་མར་ཅང་ཞི་ཤ་སྨི་འབྲུག་དབྱིབས་མ་ཉོ་ཚོང་ལྟེ་གནས་སུ་དབོར་ནས་དབྱེ་འབྱེད་ཐུམ་སྒྲིལ་བཏང་རྗེས། ཟོག་འགྲེམས་འཁོར་ལོར་དྲངས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཁྲོམ་རར་དབོར་འདྲེན་བྱེད་གྱིན་ཡོད་པ་རེད།

     ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཡིན་པའི་ཡུང་ཤིའུ་རྫོང་གི་འབྲས་དང་ཤ་སྨི་གསོ་སྤེལ་རྒྱ་ཁྱོན་མུའུ་ཁྲི་30ལས་བརྒལ་བ་དང་། མུའུ་ཁྲི་ཡན་དང་མུའུ་སྟོང་ཡན་གྱི་རྟེན་གཞི་30ལྷག་ཙམ་བསྐྲུན་ཡོད། འབྲས་དང་ཤ་སྨི་གསོ་སྤེལ་ཞེས་པ་ནི་དཔྱིད་དུས་སུ་ཤ་སྨི་འབྲུག་དབྱིབས་མ་ཆུང་ཆུང་གསོ་སྤེལ་བྱེད་པ་དང་། ཤ་སྨི་རིགས་ཀྱི་ཟས་ཟན་ལྷག་རོ་དང་གཅིན་སྐྱག་སོགས་པས་རང་ཤུགས་སུ་ཞིང་ནང་དུ་ཆུ་འབྲས་སྐྱེ་འཚར་བྱེད་རིང་སླར་ཡང་རེས་སྐོར་རྗེས་མའི་ཤ་སྨི་གསོས་ནས་ཆུའི་སྤུས་ཚད་གཙང་སེལ་བྱས་ཏེ་ཞིང་སྨན་དང་རྫས་ལུད་རྒྱག་ཚད་ཉུང་དུ་ཤུགས་ཆེན་བཏང་ཡོད་པ་རེད།

      “ཆུ་གཅིག་ལ་གཉིས་སྤྱོད་དང་ཞིང་གཅིག་ལ་གཉིས་བསྡུ་”ཞེས་པ་དེ་ཆུ་འབྲས་ཁེར་རྐྱང་དུ་འདེབས་འཛུགས་བྱེད་པ་དང་བསྡུར་ན། ས་ཞིང་མུའུ་རེར་ཡོང་འབབ་སྒོར་སྟོང་ལྷག་ཙམ་འཕར་བ་དང་རྫོང་དེ་ཡོངས་ཀྱི་ཤ་སྨི་འབྲུག་དབྱིབས་མ་ཆུང་གྲས་ཀྱི་ལོ་རེའི་ཐོན་ཚད་ཏུན་ཁྲི་ཐོན་བཞིན་ཡོད།

     ཅང་ཞི་ཤ་སྨི་འབྲུག་དབྱིབས་མ་ཉོ་ཚོང་ལྟེ་གནས་“ཤ་འབྲུ་མྱུར་འདྲེན་”ལ་བརྟེན་ནས། ཡུང་ཤིའུ་རྫོང་གིས་ཟོག་འགྲེམས་ཆེད་སྤྱོད་ལམ་ཐིག་15ཤར་གཏོང་ཐུབ་ནས་ཤ་སྨི་འབྲུག་དབྱིབས་མ་གསོས་རིགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་100ལྷག་ཙམ་ལ་ཐད་ཀར་གཏོང་ཐུབ་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་ཉོ་ཚོང་ལྟེ་གནས་ཀྱིས་ཤ་སྨི་འབྲུག་དབྱིབས་མ་ལས་སྣོན་ཞིབ་ཚགས་བྱེད་པའི་ཁེ་ལས་ནང་འདྲེན་བྱས་པས་ཉིན་རེར་ལས་སྣོན་ནུས་པ་ཏུན་300ཟིན་པ་དང་། ཤ་སྨི་འབྲུག་དབྱིབས་མ་སོས་པ་དེ་ཤ་སྨིའི་མཇུག་མ་དང་ཏན་གཤེར་ཆུ་དྭངས་ཤ་སྨི་སོགས་སྔོན་བཟོས་ཐོན་རྫས་སུ་ལས་སྣོན་བྱས་ནས། ཐོན་སྐྱེད་ཕྱིར་ཚོང་གི་“དུས་ཚིགས་ཀྱི་ཚད་གཞིའི་”དཀའ་གནད་སེལ་ཡོད།

     ད་ཆ་འབྲས་དང་ཤ་སྨི་ཐོན་ལས་དེ་ཡུང་ཞིའུ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་རྟེན་གཞིའི་ཐོན་ལས་སུ་གྱུར་ནས་མང་ཚོགས་ཁྲི་15ཡི་ཡོང་འབབ་སྤོར་བ་དང་ཕན་པ་ཐོབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད།