གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་01ཉིན། 16:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བཞི་པའི་བར། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་24307ཟིན་པ་དེ་དུས་མཚུངས་ལས་25.6%འཕར་ཡོད།
ཟླ་4པར། རྒྱལ་ཡོངས་སུ་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5883ཟིན་པ་དེ་དུས་མཚུངས་ལས་25.5%འཕར་ཞིང་། ཉོ་ཚོང་གི་ཁྱབ་ཁོངས་ནས་བལྟས་ན། ཞིང་ཆེན་ནང་ཁུལ་དུ་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4730ཟིན་པ་དེ་དུས་མཚུངས་ལས་29.4%འཕར་བ་དང་། ཞིང་ཆེན་དང་ས་ཁོངས་བརྒལ་ནས་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1153ཟིན་པ་དེ་དུས་མཚུངས་ལས་11.9%འཕར་ཡོད། ཉོ་ཚོང་བྱེད་རིགས་ནས་བལྟས་ན། དུས་ཡུན་རིང་འབྲིང་དུ་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5223ཟིན་པ་དང་། ལག་ཡོད་གློག་ཤུགས་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་660ཟིན་པ། ནུས་རྒྱུ་གཙང་མའི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་297ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ཡོད་པ་རེད།