གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་27ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་སྐབས་ཉེར་གཉིས་པའི་སྟེང་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲེ་ཅང་སློབ་ཆེན་གྱིས་མཉམ་དུ་རྩོམ་སྒྲིག་བྱས་པའི“ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོ་ཕྱོགས་སྒྲིག”《ཀྲུང་གོའི་ཐང་ག·བོད་ཀྱི་བམ་པོ》དངོས་སུ་ཡོངས་བསྒྲགས་བྱས་ཡོད། ལོ་ངོ་སྟོང་གི་གངས་ལྗོངས་ཀྱི་རིག་རྒྱུན་འཛིན་པ་དང་ཀྲུང་ཧྭའི་ཤེས་དཔལ་གྱི་ཉིང་བཅུད་འདུས་པའི་བསྟན་བཅོས་དེ་ནི་འཛམ་གླིང་ལ་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་དང་གཏིང་ཟབ་པའི་ནང་དོན་མངོན་པར་བྱེད་པའི་མེ་ལོང་ལྟ་བུ་ཡིན།
འདུ་འགོད་དེའི་ནང་རྒྱལ་ཁབ་ཕྱི་ནང་གི་རིག་རྫས་ལས་ཁུངས་280ཡི་རི་མོའི་བརྩམས་ཆོས་རྩེ་གྲ་12400ཉར་ཚགས་བྱས་པ་དེ་དག་ནི་ད་བར་དཔེ་སྐྲུན་དངོས་རིགས་གཅིག་པའི་ཁྲོད་ཀྱི་རྩེར་སོན་ཉར་ཚགས་བྱེད་ཚང་ཤོས་དང་དཔེ་སྐྲུན་གཞི་ཁྱོན་ཆེ་ཤོས་ཀྱི་ཀྲུང་གོའི་རི་མོའི་ཚད་ལྡན་ཡིག་ཆ་ཞིག་རེད། ད་ཐེངས་ཀྱི《ཀྲུང་གོའི་ཐང་ག·བོད་ཀྱི་བམ་པོ》ཡོངས་བསྒྲགས་བྱས་པ་ལས་རིག་གནས་ཀྱི་མཛད་རྗེས་རྡོ་རིང་དེ་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་ཁྱབ་ཁོངས་སུ་རྒྱ་སྐྱེད་གལ་ཆེན་བྱུང་བ་མཚོན་ཡོད།