འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་27ཉིན།

༄༅།།ད་ལོའི་དབྱར་ཁར་རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་མཐོ་ཤོས་སྔོན་དཔག་བྱས་ན་ཆན་ཝ་དུང་ཕྱུར་16ཙམ་ཟིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་27ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྔོན་དཔག་ལྟར་ན། ད་ལོའི་དབྱར་ཁར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་ཅུང་མཐོ་བ་ཡོད། “ད་ལོའི་དབྱར་ཁར་རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་མཐོ་ཤོས་སྔོན་དཔག་བྱས་ན་ཆན་ཝ་དུང་ཕྱུར་16ཙམ་ཟིན་རྒྱུ་ཡིན་ཞིང་། ན་ནིང་ལས་ཆན་ཝ་ཁྲི་9000ཙམ་འཕར་ནས་ཧོ་ནན་ཞིང་ཆེན་ཧྲིལ་པོའི་གློག་སྤྱོད་ཐེག་ཚད་མང་དུ་ཕྱིན་པ་དང་ཧ་ལམ་མཚུངས་ཀྱི་ཡོད”ཅེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་ལི་ཁྲའོ་ཡིས་ད་ལོའི་དབྱར་ཁར་གློག་དགོས་མཁོ་ཆེ་རུ་འགྲོ་བ་དང་གནམ་གཤིས་ངན་པ་བསྟན་སྲིད་པའི་དུས་བབ་ལ་དམིགས་ཏེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྡོ་སོལ་དང་། གློག སྣུམ། སོལ་རླངས་བཅས་སྐྱེལ་འདྲེན་འགན་ལེན་ལས་དོན་གྱི་པུའུ་དབར་གྱི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ནས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ནུས་རྒྱུ་དང་གློག་ཤུགས་མཁོ་འདོན་འགན་ལེན་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་རེད། “ཕྱོགས་བསྡུས་བརྡར་གཅོད་བྱས་པ་ལྟར་ན། ད་ལོའི་དབྱར་ཁར་རྒྱལ་ཡོངས་ཀྱི་ནུས་རྒྱུ་དང་གློག་ཤུགས་སྤྱིའི་ཆ་ནས་སྤྱོད་མང་བའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད”ཅེས་བཤད་པ་རེད།

     བྱེད་ཐབས་གཙོ་བོའི་ནང་། གློག་ཁུངས་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་འགོ་འཛུགས་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཟླ་བ་དང་པོ་ནས་4པའི་བར་རྒྱལ་ཡོངས་སུ་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་1འཕར་བ་དང་། གློག་དང་རྡོ་སོལ་གྲབས་གསོག་དང་ཆུ་གློག་གི་ནུས་གསོག་ལ་ཤུགས་སྣོན་བརྒྱབ་སྟེ། ཟླ་བ་4པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གཅིག་གྱུར་སྙོམས་སྒྲིག་གློག་ཁང་གི་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར་2ཙམ་ཟིན་ནས་སྤྱོད་ཆོག་པའི་ཉིན་གྲངས་ཉིན་30ལས་བརྒལ་བ་དང་ཆུ་གློག་གི་ནུས་གསོག་ཆུ་ཚོད་ཆན་ཝ་དུང་ཕྱུར་800ལས་བརྒལ་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་པོར་སླེབས་པ། གློག་ཤུགས་དང་གློག་དང་རྡོ་སོལ་གྱི་དུས་ཡུན་རིང་འབྲིང་གི་གན་རྒྱའི་བསྡུར་ཚད་མཐོ་བའི་གན་རྒྱ་འཇོག་པ་དང་ཁ་ཆད་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ནས་ནུས་རྒྱུའི་དུས་ཡུན་རིང་འབྲིང་གི་གན་རྒྱའི་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོའི་གྲུ་རྡོའི་ནུས་པ་བརྟན་དུ་གཏོང་བ། ཞིང་ཆེན་དང་ས་ཁུལ་སྒྲོལ་བའི་གློག་ཤུགས་ཕན་ཚུན་གསབ་རེས་ལས་དོན་ཡག་པོ་བསྒྲུབས་ནས་དགོས་ངེས་སྐབས་འཕྲལ་སྡོམ་བཀོད་གཏོང་ཡག་པོ་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་བརྒྱུད་མཁོ་སྤྲོད་སྙོམས་སྒྲིག་ལ་ཤུཌ་སྣོན་བརྒྱབ་སྟེ་རྒྱལ་ཡོངས་ཧྲིལ་པོའི་འགན་ལེན་དང་མཁོ་སྤྲོད་ནུས་པ་མཐོ་རུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་ཏན་ཏིག་བཟོས་ནས་མཁོ་སྤྲོད་དོ་སྙོམས་དང་གློག་ཅུང་དཀོན་པའི་ཞིང་ཆེན་ཁག་གཅིག་ལ་དམིགས་ནས“ཞིང་ཆེན་རེར་བྱེད་ཐབས་རེའི”འཕྲལ་སྡོམ་སྔོན་ཇུས་བཟོ་བ་བཅས་ཚུད་ཡོད།