འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་26ཉིན།

༄༅།།མཚོ་སྔོན་གྱིས་དོས་དྲག་རང་བཞིན་གྱི་ས་མཐོའི་ནད་སྐྱོབ་བཅོས་ལྟེ་གནས་ཀྱི་འཛུགས་སྐྲུན་ཚད་གཞི་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་26ཉིན། 10:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

མཚོ་སྔོན་ཉིན་རེའི་ཚགས་པར་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་དོས་དྲག་རང་བཞིན་གྱི་ས་མཐོའི་ནད་སྐྱོབ་བཅོས་ལྟེ་གནས་ཐོག་མའི་འཛུགས་སྐྲུན་ཚད་གཞི་ཡོངས་བསྒྲགས་བྱས་ནས། རྒྱལ་ཡོངས་ཀྱི་ས་མཐོའི་ཁུལ་གྱི་དོས་དྲག་རང་བཞིན་གྱི་ས་མཐོའི་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ལ་མ་དཔེ་མཁོ་འདོན་བྱས་ཡོད། ཚད་གཞི་དེས་དོས་དྲག་རང་བཞིན་གྱི་ས་མཐོའི་ནད་ལ་གཞི་རིམ་གྱི་སྐྱོབ་བཅོས་ས་ཚིགས་ནས་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་སྐྱོབ་བཅོས་ལྟེ་གནས་བར་གྱི་རིམ་བཞི་སྐྱོབ་བཅོས་དྲ་རྒྱ་བསྐྲུན་པ་བརྒྱུད། རིམ་དབྱེ་སྨན་བཅོས་དང་། གོང་འོག་མཉམ་འགུལ། མགྱོགས་མྱུར་དང་ལེན། ས་གནས་ས་ཐོག་གི་ནུས་ཆེའི་ཐག་གཅོད་བཅས་ཀྱི་ཚད་ལྡན་ཅན་གྱི་སྐྱོབ་བཅོས་ལས་ཀའི་མ་ལག་བཏོད་ཡོད་པ་རེད།