འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་26ཉིན།

༄༅།།ཟླ་བ་དང་པོ་ནས་བཞི་པའི་བར་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཁྲི་2ལྷག་ཙམ་ཟིན་པ།

ལོ་གོང་མའི་དུས་མཚུངས་ལས་6.8%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་26ཉིན། 09:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་20113གསར་དུ་བཙུགས་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.8%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་སྤྱོད་ཚད་སྒོར་དུང་ཕྱུར་2876.9ཟིན་གྱི་ཡོད་པ་རེད།

     ལས་རིགས་ངོས་ནས་བརྗོད་ན། བཟོ་སྐྲུན་ལས་རིགས་ལ་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་788.8སྤྱད་པ་དང་ཞབས་ཞུའི་ལས་རིགས་ལ་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་2041.5སྤྱད་ཡོད་པ་དང་། ལག་རྩལ་མཐོ་བའི་ཐོན་ལས་ལ་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1163.3སྤྱད་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.3%འཕར་ཡོད། དེའི་ནང་། ཞིབ་འཇུག་གསར་སྤེལ་དང་འཆར་འགོད་ཞུབས་ཞུ་དང་། རྩིས་འཁོར་དང་གཞུང་ལས་སྒྲིག་བཀོད་བཟོ་སྐྲུན་ལས་རིགས། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) གློག་རྡུལ་དང་། འཕྲིན་གཏོང་སྒྲིག་བཀོད། བཟོ་སྐྲུན་ལས་རིགས་བཅས་ལ་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ལོ་གོང་མའི་དུས་མཚུངས་ལས་108.4%དང་། 22.9% 20.2%སོ་སོར་འཕར་ཡོད།

     ཉེ་བའི་ལོ་3རིང་། རང་རྒྱལ་གྱི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་གསོག་འབོར་ལོ་རེ་བཞིན་མང་དུ་ཕྱིན་ནས་ཁྲི་53ལྷག་ཙམ་ཟིན་པ་དང་། ཕྱི་རྒྱལ་གྱི་མ་འཇོག་གསོག་འབོར་ཨ་སྒོར་དུང་ཕྱུར་ཁྲི་3.6ལྷག་ཙམ་ཟིན་ཡོད། 2025ལོར། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་8000ལྷག་ཙམ་གྱིས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་10%ལྷག་འཕར་བ་དང་། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་3000ལྷག་ཙམ་གྱིས་མ་འཇོག་གསབ་སྣོན་བྱས་པ་རེད།