འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་25ཉིན།

༄༅།།བོད་ཀྱི་ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་25ཉིན། 14:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་མཚམས་སུ། བོད་ཤར་རྒྱུད་ཀྱི་གྲོག་རོང་ནས་བྱང་རྩྭ་ཐང་བར་དང་། ཇོ་མོ་གླང་མའི་འདབས་ནས་གླང་ཆེན་ཁ་འབབ་འགྲམ་བར། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་དུ“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75ཡི་རིང་གི་འཕེལ་རྒྱས་གྲུབ་འབྲས་དང་བློ་སྐྱེད”ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་རྟེན་མཛོད་ཁང་དུ་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་40ལྷག་ཙམ་མཉམ་དུ་འཛོམས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་གྲུབ་འབྲས་གལ་ཆེན་ལ་གྲོས་བསྡུར་གནང་བ་རེད།

    ཀྲུང་གོ་བཟོ་ལས་མཉམ་ལས་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁོ་མ་ཁའེ་ཡིས་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ་35ནས་ད་ཆའི་ལོ་72ཙམ་བར་རིང་དུ་ཕྱིན་པ་དེ་ནི་ངོས་འཛིན་རྒྱུ་མེད་པའི་གྲངས་གཞི་ཞིག་མིན་པར་དེ་བས་མི་ཚེར་རྦད་དེ་འགྱུར་ལྡོག་བྱུང་བའི་མྱོང་ཚོར་ཞིག་རེད་ཅེས་བརྗོད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཨན་ཧུའེ་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་18དང་མཉམ་དུ་ས་གནས་དེ་གའི་མང་ཚོགས་ལ་རུས་ནད་ཚན་ཁག་དང་ཀླད་སྙིང་ཁྲག་རྩའི་ཁོག་ནད་ཚན་ཁག་སོགས་རིག་ཚན་མང་པོའི་འོས་འགན་སྨན་བཅོས་དང་གཟུགས་པོར་བརྟག་དཔྱད་བྱས་ཤིང་། “འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཝུའུ་ཆང་གིས་ངོ་སྤྲོད་བྱས་ཤིང་། བྱེད་སྒོ་དེས་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

     ཆབ་མདོ་གྲོང་ཁྱེར་ཇ་རྟ་ཐང་ཆེན་དུ་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་མཉམ་དུ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། ས་གནས་ས་ཐོག་ཏུ་སྲིད་ཇུས་སྒྲོག་འགྲེལ་དང་། ཚན་རྩལ་དང་ཚན་རིག་ཁྱབ་གདལ། དམངས་ཡོངས་ཀྱི་དཔེ་ཀློག བཅའ་ཁྲིམས་རོགས་སྐྱོར། དམངས་ཕན་འོས་འགན་སྨན་བཅོས་སོགས་ཞབས་ཞུའི་འགྲེམས་པང་མང་པོ་བཙུགས་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་5700ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་མི་ཐེངས་900ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ་རེད།

     བོད་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཤིང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཚེ་སྐྱིད་ཀྱིས་ཞིབ་ཅིང་ཕྲ་བའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དང་གསོན་ཉམས་དོད་པའི་དཔེ་མཚོན་ཐོག་ནས་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་གསོན་ཉམས་དོད་པོས་བརྗོད།

     མངའ་རིས་ས་ཁུལ་རུ་ཐོག་རྫོང་ཨ་རུ་གྲོང་ཚོར“མི་བརྒྱ་བྱེད་སྒོ་སྤེལ་ཡུལ་སྟོང་དང་ས་ཚིགས་ཁྲི་རུ་བསྐྱོད་པ”དང་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”བརྗོད་དོན་གཙོ་བོར་བྱས་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་ཞིང་། བྱེད་སྒོས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། དྲི་བར་ལན་འདེབས་པ། རིག་རྩལ་འཁྲབ་སྟོན། དམངས་ཕན་ཞབས་ཞུ་སོགས་བྱ་ཐབས་སྣ་མང་བརྒྱུད་སྲིད་ཇུས་ཀྱི་ཁེ་སྤོགས་དང་། རིག་གནས་ཞབས་ཞུ། དམངས་ཕན་བྱ་ཐབས་བཅས་གཞི་རིམ་མང་ཚོགས་ལ་ཁྱབ་གདལ་བཏང་བ་རེད།