འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་13ཉིན།

པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་གསུངས་དོན།

༄༅།།ཀྲུང་གོའི་མ་འཇོག་གིས་པར་ཙིར་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་13ཉིན། 13:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པ་ཞི་ལི་ཡ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་ཡིས་རྒྱལ་ས་པ་ཞི་ལི་ཡའི་བྱེད་སྒོར་ཞུགས་སྐབས་ཀྲུང་གོའི་མ་འཇོག་གིས་པར་ཙིར་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་རེད།

ལུའུ་ལཱ་ཡིས་དེ་ཉིན་པར་ཙིར་གྱི་གཏེར་ལས་དང་ནུས་རྒྱུ་པུའུ་ཡིས་གཙོ་གཉེར་བྱས་པའི་བྱེད་སྒོར་ཀྲུང་གོ་འདི་ཉིད་པར་ཙིར་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལ་ཏིང་མེ་གླིང་དང་ཨ་ཧྥེ་རི་ཁར་སྣང་ཆུང་བྱེད་སྐབས་ཀྲུང་གོའི་ཁེ་ལས་པར་ཙིར་གྱི་ཁྲོམ་རར་མགྱོགས་མྱུར་ཞུགས་ནས། པར་ཙིར་ལ་གལ་འགངས་ཆེ་བའི་མ་འཇོག་བྱས་ཏེ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་རེད།

ལུའུ་ལཱ་ཡིས། པར་ཙིར་གྱི་ཁྲོམ་རའི་སྒོ་མོ་མཉམ་ལས་རོགས་ཟླ་ཚང་མར་ཕྱེ་ནས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་འདོད་ཡོད་ཅེས་ནན་བཤད་བྱས་པ་རེད།

བྱེད་སྒོའི་ཐོག པར་ཙིར་གྱི་སྲིད་གཞུང་དང་ཀུང་སི་14ཡིས་དམིགས་བསལ་ཆོག་ཁྲོལ་གཉེར་སྐྱོང་བྱེད་དབང་གི་ཆིངས་མཐུད་ལ་མིང་རྟགས་བཀོད་པ་རེད། ད་ཐེངས་ཆིངས་མཐུད་ཀྱི་མིང་ཐོའི་ནང་ཀྲུང་གོ་རྒྱལ་ཁབ་གློག་དྲ་པར་ཙིར་གློག་ཤུགས་CPFLཀུང་སི་ཚུད་ཡོད་པ་རེད།