འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་9ཉིན།

༄༅།།འཛམ་གླིང་གསེར་མཐུན་ཚོགས་ཀྱི་སྙན་ཞུ་གསར་པ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་09ཉིན། 14:07】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འཛམ་གླིང་གསེར་དངུལ་མཐུན་ཚོགས་ཀྱིས་གཟའ་ཕུར་བུར་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལས་མངོན་པར། གོ་ལ་ཧྲིལ་པོའི་དངོས་རྫས་གསེར་ETFསྟེ། དེའང་སྒོ་དབྱེའི་ཉོ་ཚོང་རྣམ་པའི་སྟོན་གྲངས་ཐེབས་རྩ་ཟླ་4པར་བསྐྱར་འཕར་ཤུགས་ཆེན་བྱུང་ནས། ཟླ་བ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་66ཁེར་གཙང་ནང་འདྲེན་བྱས་པ་དང་། ས་ཁུལ་ཚང་མར་འཕར་ཡོད་པ་རེད། གཞན་ཡང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཀྲུང་དབྱང་དངུལ་ཁང་གིས་གསེར་ཉོ་བའི་འཕེལ་ཕྱོགས་རྒྱུན་མཐུད་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ཚང་མས་རྒྱལ་སྤྱིའི་གསེར་དངུལ་གྱི་རིན་གོང་ཆགས་རོགས་བྱས་ཡོད།

    ཉིན་དེར་ཚོང་མཇུག་བསྒྲིལ་བའི་བར། ཉིའུ་ཡོག་ཚོང་ཟོག་ཉོ་ཚོང་ཁང་གིས་ཟླ་6པར་རྩིས་སྤྲོད་བྱས་པའི་གསེར་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨང་སི་རེར་ཨ་སྒོར་4710.90ཟིན་ནས་0.35%འཕར་བ་དང་། ཟླ་7པར་རྩིས་སྤྲོད་བྱས་པའི་དངུལ་གྱི་དུས་བཅད་ཚོང་ཟོག་རིན་གོང་ཨང་སི་རེར་ཨ་སྒོར་80.180ཟིན་ཏེ་3.72%འཕར་ཡོད་པ་རེད།