གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་28ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། “དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”ཐོག་མ་དེ་གཉེར་བའི་མཚམས་སུ་མི་དམངས་ཉིན་རེའི་ཚགས་པར་གྱི“ས་གཞི་ཆེན་པོའི་དེབ་ཐོ”ཞེས་པ་པེ་ཅིང་ས་འོག་ལྕགས་ལམ་གྱི་བརྙན་ཤེལ་ཆེན་པོར་བསྟན་པ་དང་པེ་ཅིང་ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོ་དང་། གཉིས་པ། གསུམ་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཉིས་བཅས་ཀྱི་གློག་རྡུལ་མཉམ་གཏོང་དྲ་བ་ནས་ཡང་ཡང་བསྟན་པ་དེ། ཁྱོན་འབབ་ཚུགས་77ལ་ཁྱབ་པ་དང་ལྟ་མཁན་ཁྱོན་མི་ཐེངས་ཁྲི་1800ལྷག་ཙམ་ཟིན་ནས་དམངས་ཡོངས་ཀྱི་དཔེ་ཀློག་གི་རྣམ་པ་ཟབ་མོ་རྒྱུན་མཐུད་བཏོད་ཡོད།
མིག་སྔའི་བར“ས་གཞི་ཆེན་པོའི་དེབ་ཐོ”ཞེས་པ་དུས་ཐེངས་4ཁྱབ་བསྒྲགས་བྱས་ཤིང་། དུས་ཐེངས་རེར་དཔེ་སྐྲུན་ལས་རིགས་དང་། ཚན་རིག་ལས་རིགས། སློབ་གསོའི་ལས་རིགས་སོགས་ཁྱབ་ཁོངས་ཀྱི་དབང་གྲགས་ཆེ་བའི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ། དྲ་གྲོགས་ཀྱི་དཔྱད་གཏམ་དང་འོས་སྦྱོར་གཞིར་བཟུང་མཐར་མིང་ཐོར་ཚུད་པའི་དཔེ་དེབ་10བདམས་ཡོད། དེ་ནས་གླེང་ཕྱོགས་ཐད་ཀྱི་ཏང་ཀྲུང་དབྱང་ལས་ཁུངས་ཚགས་པར་གྱི་ཁྲིད་སྟོན་ནུས་པ་དང་། དར་ཆའི་ནུས་པ། སྣེ་ཁྲིད་ནུས་པ་བཅས་གང་ལེགས་བཏོན་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་ཀྱིས་རིག་དཔལ་དར་བའི་སྤྱི་ཚོགས་བསྐྲུན་ཡོད།