འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་28ཉིན།

བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར“འཛིན་འབྲིའི་དཔལ་འབྱོར”ཡོ་བསྲང་དང་བཅོས་སྒྲིག་བྱེད་པ།

༄༅།།དུས་ཚིགས་དང་པོར་ལས་རིགས་ཁག་དྲུག་གི་འཛིན་འབྲིའི་དངུལ་འབོར་དུས་མཚུངས་ལས་4.4%ཆག་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་28ཉིན། 14:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་ཡོངས་བསྒྲཌ་བྱས་པའི་འཛིན་འབྲིའི་གྲངས་གཞི་ལས་མངོན་གསལ། དུས་ཚིགས་དང་པོར་སྒྲིག་འགལ་གྱི་ཚོང་འགུག་མ་འདྲེན་ཁེ་ལས་ཅུང་གཅིག་འདུས་ཡིན་པའི་བེད་མེད་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། བསྐྱར་སྐྱེས་དངོས་རྫས་ཚུར་བསྡུ། གཏེར་ཐོན་ཐོན་རྫས་ཀྱི་འཛུགས་སྐྲུན་རྒྱུ་ཆ་བཅས་དང་། དེ་བཞིན་རྫས་འགྱུར་བཟོ་ལས་ཐོན་རྫས་ཀྱི་སྡེབ་ཚོང་དང་། སྒྲིག་འཛུགས་དོ་དམ་ཞབས་ཞུ། འགྲོ་ལམ་ཟོག་འདྲེན་ཞབས་ཞུ་སོགས་ལས་རིགས་ཆེན་པོ་དྲུག་གི་འཛིན་འབྲིའི་དངུལ་འབོར་དུས་མཚུངས་ལས་4.4%ཆག་ནས་ཆག་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.1གིས་མཐོ་རུ་སོང་ཞིང་། དེའི་ནང་དབུས་རྒྱུད་ས་ཁུལ་གྱི་བཅོས་སྒྲིག་ཕན་འབྲས་མངོན་གསལ་དེ་བས་དོད་པ་དང་ལས་རིགས་ཆེན་པོ་དྲུག་གི་འཛིན་འབྲིའི་དངུལ་འབོར་དུས་མཚུངས་ལས་6.7%ཆག་ཡོད་པ་རེད།

“འཛིན་འབྲིའི་དཔལ་འབྱོར”གྱིས་ཁྲོམ་རའི་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་ཁ་ཕྲལ་ཡོད། ས་གནས་ཁག་གི་ཁྲལ་དོན་སྡེ་ཚན་གྱིས་གཙོ་གནད་ལས་རིགས་ལ་དམིགས་ནས་ཉེན་ཁ་གྲལ་བཤེར་གྱི་སྟོན་རྟགས་དཔེ་དབྱིབས་སྟབས་བསྟུན་གྱིས་ལེགས་སྒྲིག་བྱས་ཏེ། སྤྱི་བདེ་དང་ཁྲོམ་རའི་ལྟ་འདོམས་སྡེ་ཚན་དང་མཉམ་དུ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ནན་པོ་དང་མགྱོགས་མྱུར་ཐག་གཅོད་ཀྱིས་གསོག་འབོར་གཙང་སེལ་དང་འཕར་ཚད་བཀག་འགོག་རྒྱུན་མཐུད་བྱས་པར་རྒྱལ་ཡོངས་ཀྱི་སྒྲིག་འགལ་ངང་འཛིན་ཡིག་འབྲི་བའི་ཁེ་ལས་ཀྱི་གྲངས་འབོར་དང་འཛིན་འབྲིའི་དངུལ་འབོར་རྒྱུན་མཐུད་ངང་ཆག་པ་རེད།

ཁྲལ་འཇལ་བར་ལུགས་མཐུན་འཛིན་ཡིག་འབྲི་བར་ཁྲིད་སྟོན་བྱས་ཏེ“འཛིན་འབྲིའི་དཔལ་འབྱོར”དང་འཛིན་ཡིག་རྫུན་མ་འབྲི་བ་དང་ཁྲལ་སྐུང་སོགས་ཀྱི་གནད་དོན་འགོག་ཟོན་བྱ་ཆེད། ཉེ་ཆར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་འཛིན་འབྲིའི་ཆོག་འཐུས་དང་བཀག་རྒྱའི་གསལ་ཐོ་ཡོངས་བསྒྲཌ་བྱས་པའི་ནང་ཕྱོགས་བཞིའི་ཐད་ཀྱི་ནང་དོན་ཁག་44ཡོད་པར་ཆོག་འཐུས་གསལ་ཐོ་ཁག་16དང་བཀག་རྒྱའི་གསལ་ཐོ་ཁག་28ཡོད་པ་རེད།