གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་28ཉིན། 10:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་4ཚེས་22ཉིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཇ་ཤིང་ར་བར་རྒྱང་ལྟ་བྱེད་སྐབས་སྔོ་ཐིང་ཐིང་གི་ཇ་ཤིང་དང་གྲལ་སྟར་འགྲིག་པའི་ཡུལ་མིའི་སྡོད་ཁང་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱི་རྣམ་པ་ཞིག་མངོན།
ཉེ་ཆར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཡིད་འོང་ཇ་ཤིང་ར་བར་ཇ་ལོ་སྔོ་ཐིང་ཐིང་དུ་འགྱུར་ནས་དཔྱིད་དུས་ཇ་ལོ་འཐུ་བའི་ནམ་དུས་ཤར་ཡོད།

འདི་ནི་ཟླ་4ཚེས་23ཉིན། ཇ་འདེབས་ཞིང་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཇ་ཤིང་ར་བར་ཇ་ལོ་གསར་པ་འཐུ་བཞིན་པ།