གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་24ཉིན། 15:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་དང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་གཉེར་འགན་འཁུར་བའི་2026ལོའི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”དངོས་སུ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”ཟླ་4ཚེས་27ཉིན་བར་ཡིན་ཞིང་། བྱེད་སྒོ་སྤེལ་འགོ་ཚུགས་པའི་ཉིན་དེར“གསར་གཏོད་དང་རྒྱུན་འཛིན”ཞེས་པའི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་སྐབས་དྲུག་པ་ཡང་དུས་མཉམ་དུ་སྤེལ་བ་རེད། དེ་རྗེས་རིག་དཔལ་གྱིས་སེམས་ཁམས་གསོ་བའི་ཆེད་དོན་འདུ་ཚོགས་དང་། འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ ནོར་བུ་གླིང་ཁར་དཔེ་དེབ་ཀློག་པ། སློབ་གྲྭར་ལོ་ཆུང་བྱིས་པས་དཔེ་དེབ་ལྟ་ཀློག་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས་སློབ་གྲྭ་དང་གྲོང་གསེབ་ཏུ་རིག་དཔལ་དར་བར་བྱ་རྒྱུ་རེད།