འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་22ཉིན།

༄༅།།ཀྲུང་གོའི་གྲུ་གཟིངས་ཤིག་གིས་མདེལ་རྫས་དྲངས་ཡོད་ཟེར་བའི་ཐད།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་22ཉིན། 13:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཨ་རིས་ཧོར་མུའུ་ཙི་མཚོ་འགག་ནས་བཀག་ཉར་བྱས་པའི་གྲུ་གཟིངས་ནི་ཀྲུང་གོ་ནས་དབྱི་རན་དུ་བསྐྱོད་པ་དང་། དེ་ནི་འཕུར་མདེལ་རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་སྐྱེལ་འདྲེན་ལ་སྤྱད་པ་ཡིན་ནམ། ཀྲུང་གོ་ཕྱོགས་ཀྱིས་ལན་བསློགས་པ་རེད།

     ཚེས་21ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

    གསར་འགོད་པ་ཞིག་གིས་དྲིས་དོན། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་དེ་སྔའི་འཐུས་མིས་ཆ་འཕྲིན་སྤེལ་ནས། ཨ་རིས་ཧོར་མུའུ་ཙི་མཚོ་འགག་ཏུ་བཀག་ཉར་བྱས་པའི་གྲུ་གཟིངས་ནི་ཀྲུང་གོ་ནས་དབྱི་རན་དུ་བཏང་བ་ཞིག་ཡིན་པ་དང་། འཕུར་མདེལ་རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆ་སྐྱེལ་འདྲེན་བྱས་པ་རེད་ཅེས་བཤད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ།

     གོ་ཅ་ཁུན་གྱིས་བསྟན་དོན། ངས་ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་རྒྱལ་ཁོངས་ཕྱི་རྒྱལ་གྱི་དོས་སྒམ་གྲུ་གཟིངས་ཤིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་བསམ་ངན་གྱི་འབྲེལ་འཛུགས་དང་འུད་སྒྲོག་གང་རུང་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན།