གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་22ཉིན། 13:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་21ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་དབྱི་རན་སྐོར་གླེང་སྐབས། བཀག་སྡོམ་བྱ་སྤྱོད་ལ་གྲུབ་འབྲས་ཐོབ་པ་དང་གྲོས་མོལ་ཁྲོད་ཨ་རིས་གནས་བབ་སྟོབས་ལྡན་བཟུང་ནས་འབྲེལ་གཏུག་བདེ་བླག་བྱུང་བས་མཐར་གྲོས་མཐུན་གལ་ཆེན་ཞིག་འཇོག་རྒྱུ་རེད་ཅེས་བཤད་པ་རེད།
ཐེ་རོན་ཕུའུ་ཡིས་ད་དུང་ཁོས་བྲེལ་འཚུབ་ངང་བྱ་བ་སྒྲུབ་མི་སྲིད་ཟེར།
གཞན་ཡང་། ཚེས་21ཉིན་ཐེ་རོན་ཕུའུ་ཡིས་ད་དུང“ངས་(ཨ་རི་དང་དབྱི་རལ)དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ནར་འགྱངས་བྱེད་འདོད་མེད”ཅེས་བཤད།