གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་22ཉིན། 13:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་20ཉིན་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་ཡིས“དམག་འཁྲུག་གི་གུན་གསབ”ཚུད་པའི་གཞི་རྩའི་ལངས་ཕྱོགས་གསུམ་བསྐྱར་བསྒྲགས་བྱས་ནས། རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
མུའུ་ཅེ་ཐ་པའི་གཞུང་ཕྱོགས་སྤྱི་ཚོགས་སྨྱན་སྦྱོར་གྱི་ཨང་གྲངས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་རན་གྱིས་རང་ཉིད་ལ་འཇབ་རྒོལ་བྱས་པའི་འགན་འཁྲི་འཁུར་མཁན་ཕྱོགས་ལ་བདའ་འདེད་གཏོང་རྒྱུ་དང་འབྲེལ་དམག་འཁྲུག་ལས་བྱུང་བའི་གྱོང་གུན་ལ་སྐྱིན་ཚབ་སྤྲོད་རྒྱུའི་རེ་བ་བཏོན་ནས། ཧོར་མུའུ་ཙི་མཚོ་འགག་གི་དོ་དམ་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུ་དང་། དུས་མཚུངས་སུ་ཁོང་ཚོའི་ལུགས་མཐུན་དབང་ཆ་གཏན་ནས་འདོར་རྒྱུ་མིན་པ་དང་། ས་ཁུལ་དེ་གའི་“འགོག་རྒོལ་འཐབ་ཕྱོགས”ཚང་མ་གཅིག་གྱུར་གྱི་ཆ་ཞིག་ཏུ་བརྩི་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཟླ་འདིའི་ཚེས་9ཉིན། མུའུ་ཅེ་ཐ་པས་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཟུར་པ་ཨ་ལི·ཧ་མའེ་ནེ་དབྱི་རང་སྲོག་ཤོར་ནས་ཉིན་བཞི་བཅུ་སོང་བ་དང་། མིག་སྔའི་དམག་འཁྲུག་སོགས་ཀྱི་གྲོས་གཞིར་ཡིག་ཐོག་གི་གཏམ་བཤད་སྤེལ་ནས་གོང་གསལ་གྱི་འདོད་ཚུལ་གསུམ་བཏོན་པ་རེད།