འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་21ཉིན།

ཁག་གཉིས་པའི“གཙོ་གལ་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་གསལ་ཐོ་བཀྲམ་པ།

༄༅།།འདི་ལོ“གཙོ་གལ་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་6065བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་21ཉིན། 13:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་2026ལོའི་ཁག་གཉིས་པའི“གཙོ་གལ་གཉིས”ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་གསལ་ཐོ་བཀྲམ་ནས། ཁྱོན་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་2168བཀོད་སྒྲིག་གིས་གཙོ་གནད་རྣམ་གྲངས་ཁག་336ལ་རྒྱབ་སྐྱོར་བྱས་པ་དེ་མི་ཐབས་རིག་ནུས་དང་། གྲོང་ཁྱེར་གྱི་ས་འོག་མདོང་ལམ་དྲ་བ་འཛུགས་སྐྲུན་སྒྱུར་བཀོད། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད། ཚད་གཞི་མཐོ་བའི་ཞིང་ཁ། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་གཏོང་། “བྱང་གསུམ”འདུ་འགོད་སོགས་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བ་ཡོད།

     དེའི་ཐོག་དེ་གོང་གཤམ་སྤྲོད་བྱས་པའི་སྒོར་དུང་ཕྱུར་3897བསྣན་ཚེ་འདི་ལོ“གཙོ་གལ་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་6065བཏང་བ་དེས་ལོ་ཧྲིལ་པོའི་སྒོར་དུང་ཕྱུར་8000གི་76%བཟུང་བ་དང་གཤམ་སྤྲོད་བྱེད་པའི་མྱུར་ཚད་ན་ནིང་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད། དེ་དང་ཆབས་ཅིག མ་འཇོག་དང་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་དང་ལེགས་སུ་གཏོང་བ་དང་། ལམ་ལུགས་སོགས་འཛུགས་སྐྱོང་བྱེད་ཐབས་ལག་བསྟར་མགྱོགས་པོ་བྱེད་པ། ཀྲུང་དབྱང་གིས་བཏང་བའི་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་ལས་དོན་བསྒྲུབ་རྒྱུ་རེད།

     དུས་ཚོད་ནི་2026ལོའི་ཟླ་6ཚེས་23ཉིན་བར་ཡིན་པ་རེད།