《2025ལོའི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ》ཁྱབ་བསྒྲགས་བྱས་པ།
གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་21ཉིན། 13:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་པེ་ཅིང་དུ《2025ལོའི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད།
སྙན་ཞུའི་ནང་མངོན་པར་གཞིགས་ན། 2025ལོའི་ལོ་མཇུག་བར། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་དཔེ་ཀློག་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་502.1ཟིན་པ་དེ་དུས་མཚུངས་ལས་16.6%འཕར་བ་དང་། རྩོམ་པ་པོའི་གཞི་ཁྱོན་མི་ཁྲི་3269.4ཟིན་པ་དེ་2024ལོ་ལས་མི་ཁྲི་149.6འཕར་བ། བརྩམས་ཆོས་ཀྱི་གྲངས་འབོར་ཁྲི་4583.7ཟིན་པ་དེ་2024ལོ་ལས་ཁྲི་418.6འཕར་བ། དྲ་རྒྱའི་རྩོམ་རིག་IPབཅོས་སྒྲིག་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་3676.1ཟིན་པ་དེ་དུས་མཚུངས་ལས་23.13%འཕར་ཡོད་པ་རེད།
སྙན་ཞུའི་ནང་ངོས་འཛིན་བྱས་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གཙོ་རྒྱུན་ཅན་དང་། སྤུས་ལེགས་ཅན། ཐོན་ལས་ཅན། གོ་ལ་ཧྲིལ་པོ་ཅན་སོགས་ཀྱི་ཕྱོགས་སུ་མགྱོགས་མྱུར་འཕར་བ་དང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། གྲངས་འཛིན་རིག་གནས་ཐོན་ལས་ཀྱི་ལྟེ་བའི་སྒུལ་ཤུགས་དང་ཀྲུང་ཧྭའི་རིག་གནས་གོ་ལ་ཧྲིལ་པོར་བརྒྱུད་སྤེལ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། རིག་རྩལ་གསར་པའི་མཚོན་བྱེད་རང་བཞིན་ཆེ་ཤོས་དང་འདེགས་སྐྱོར་ནུས་པ་ཆེ་ཤོས་ལྡན་པའི་གྲུབ་ཆ་ཞིག་ཡིན་པའི་མང་ཚོགས་ཀྱི་2025ལོར་དྲ་རྒྱའི་རྩོམ་རིག་དར་རྒྱས་གོང་འཕེལ་གྱི་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
དྲ་རྒྱའི་རྩོམ་རིག་IPམཆེད་རྫས་ལ་ཁྲོམ་རའི་ཐོག་དགའ་བསུ་ཐོབ་ཅིང་། འཁྲབ་གཞུང་ཐུང་གྲས་དང་རབ་བཏགས་འཁྲབ་གཞུང་ནི་དྲ་རྒྱའི་རྩོམ་རིག་IPགསར་དར་ཁྱབ་ཁོངས་ལ་སྒྱུར་བའི་ཁྲོད་འཁྲུག་ཆ་དོད་ཤོས་ཀྱི་སྒུལ་ཤུགས་གཉིས་ཡིན་པ་རེད། 2025ལོར་འཁྲབ་གཞུང་ཐུང་གྲས་ཀྱི་ལོ་ཧྲིལ་པོའི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་1080ཟིན་པ་དེ་དུས་མཚུངས་ལས་110%ལྷག་ཙམ་འཕར་ཡོད་པ་རེད།