གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་21ཉིན། 13:56】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྲིམས་ལྟར་ཧྲང་ཧའེ་ཞུན་མོང་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི(ཕན་ཏོག་ཏོག)དང་། པེ་ཅིང་སན་ཁའེ་ཚན་རྩལ་ཚད་ཡོད་ཀུང་སི(མོས་འདེམས) པེ་ཅིང་ཅིང་ཏུང་སན་པའེ་ལུའུ་ཧྲི་དྲ་ཚོང་ཚད་ཡོད་ཀུང་སི(ཅིང་ཏུང) པེ་ཅིང་ཚན་རྩལ་ཚད་ཡོད་ཀུང་སི(ཁྱུག་དབྱིངས)སོགས་དྲ་ཚོང་ལས་སྟེགས་ཁག་7གྱི“ཡིབ་འཚོང་ཉོ་སྐྱེལ”གྱི་གྱོད་གཞི་རབ་དང་རིམ་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་སོ་གཅིག་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་བཅའ་ཁྲིམས》ཀྱི་དོན་ཚན་གྱ་གསུམ་པའི་གཏན་འབེབས་ལྟར། སྲིད་འཛིན་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཏེ་དྲ་ཚོང་ལས་སྟེགས་ཁག་7ལ་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་བཀའ་བཀོད་བཏང་ནས་ཟླ་བ་3ནས་ཟླ་བ་9བར་སྒོ་ངའི་བག་ལེབ་ཚོང་ཁང་གསར་འཛུགས་བྱེད་མི་ཆོག་པ་མ་ཟད། དངུལ་ཆད་དང་གཞུང་བཞེས་བཏང་དངུལ་སྒོར་དུང་ཕྱུར་35.97ཟིན་ཡོད། དེ་དང་ཆབས་ཅིག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་དོན་ལྔ་པའི་གཏན་འབེབས་གཞིར་བཟུང་། ལས་སྟེགས་ཁེ་ལས་ཁག་7གྱི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་བཟའ་བཅའི་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པར་དངུལ་ཆད་སྒོར་ཁྲི་1968.74བཏང་བ་རེད།
གྱོད་གཞི་བརྟག་དཔྱད་བྱས་རྗེས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འཕྲལ་མར་དྲ་ཚོང་ལས་སྟེགས་ལ་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས་པའི་འགན་དཀྲིས་པ་དང་། དྲ་ཚོང་ལས་སྟེགས་ཁག་7ཚང་མས་ཞིབ་བཤེར་གཏན་འབེབས་བྱས་མེད་པའི་འབྲེལ་ཡོད“ཡིབ་འཚོང་ཉོ་སྐྱེལ”ཚོང་སྒྲོམ་ནས་ཕབ་སྟེ་འབྲེལ་ཡོད་མངགས་ཐོ་བརྒྱུད་གཏོང་ལས་སྟེགས་དང་བཟའ་བཏུང་བརྒྱུད་གཏོང་མཉམ་ལས་བྱེད་མཚམས་བཞག་པ་རེད།