འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་20ཉིན།

༄༅།།རང་རྒྱལ་གྱི་ཉིང་རྡུལ་གློག་ཁང་གི་གློག་འདོན་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་20ཉིན། 13:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཉིང་རྡུལ་ནུས་པའི་ལས་རིཌ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་རྒྱལ་གྱི་སྐམ་ས་ཆེན་པོའི་ས་ཁུལ་དུ་གཉེར་སྐྱོང་བྱེད་བཞིན་པ་དང་འཛུགས་སྐྲུན་གྱི་ཞིབ་དཔྱད་ཆོག་འཐུས་ཐོབ་པའི་ཉིང་རྡུལ་འཕྲུལ་ཚན་ཁྱོན་112ཡོད་པ་དང་། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་1.25ཟིན་ཏེ་ཉིང་རྡུལ་གློག་ཁང་གི་གློག་འདོན་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། དེའི་ནང་སྤྱོད་བཞིན་པའི་འཕྲུལ་ཚན་60ཡི་གློག་འདོན་ཚད་ཆན་ཝ་ཁྲི་6369ཟིན་ནས་འཛམ་གླིང་གི་ཨང་གསུམ་པར་སླེབས་ཡོད།

     “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་ཉིང་རྡུལ་གློག་ཁང་ནས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་2ལྷག་ཙམ་ཟིན་པ་དེས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་15.3ཉུང་དུ་བཏང་ཕྱིན་པ་དང་ཧ་ལམ་མཚུངས་ཡོད། ཉིང་རྡུལ་གློག་ཁང་གཉེར་སྐྱོང་བྱེད་སྐབས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་དང་སྤུས་ཚད་ཨང་དང་པོར”འཇོག་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད། རང་རྒྱལ་གྱི་རབས་གསུམ་པའི་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་རང་རྒྱལ་ནས་ཐོན་སྐྱེད་བྱེད་ཚད་95%ཡན་བར་མཐོ་རུ་ཕྱིན་ནས་ལོ་ལྟར་ཉིང་རྡུལ་གློག་ཁང་གི་སྒྲིག་ཆས་གཙོ་བོ་10(ཆ་ཚང)ཡན་བཟོ་བའི་ནུས་པ་ལྡན་ལ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་50སྐྲུན་པའི་ལས་གྲྭའི་ནུས་པའང་ལྡན་ཡོད་པ་རེད།

    《ཀྲུང་གོའི་ཉིང་རྡུལ་ནུས་པ་འཕེལ་རྒྱས་སྙན་ཞུའི(2026ལོ)》ནང་མངོན་པར་གཞིགས་ན། རང་རྒྱལ་དུ་ཉིང་རྡུལ་གློག་ཁང་གི་སྒྲིག་ཆས་གཙོ་བོ་100%རྒྱལ་ཐོན་ཅན་མངོན་འགྱུར་བྱུང་བ་དང་འགག་རྩའི་ལྷུ་ལག་གི་ལག་རྩལ་རང་བརྟེན་ཚོད་འཛིན་ཐུབ་ཀྱི་ཡོད།