འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་20ཉིན།

སྡེ་ཚན་གཉིས་ཀྱིས་ཆེད་དོན་བྱ་སྤྱོད་སྤེལ་ནས།

༄༅།།མཐོ་སློབ་སློབ་ཐོན་སློབ་མ་དང་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་
གནད་སྨིན་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་20ཉིན། 13:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བཟོ་འཕྲིན་པུའུ་དང་སློབ་གསོ་པུས་2026ལོའི“ཁེ་ལས་ཕུལ་བྱུང་གིས་སློབ་གྲྭ་ནས་ཤེས་ལྡན་པ་བསྡུ་བའི”ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་དང་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་གནད་སྨིན་འབྲེལ་མཐུད་ཡོང་བར་སྔར་བས་སྐུལ་འདེད་བཏང་བ་རེད།

     མཐོ་སློབ་སློབ་ཐོན་སློབ་མའི་ལས་ཀ་འཚོལ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་བྱ་སྤྱོད་ཀྱི་དུས་མཚམས་དང་པོ་ཟླ་བ་4པ་ནས་ཟླ་བ་6པའི་བར་དང་དུས་མཚམས་གཉིས་པ་ཟླ་བ་10པ་ནས་ཟླ་བ་12པའི་བར་ཡིན་ཞིང་། ཞབས་འདེགས་ཞུ་ཡུལ་ནི་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་གཙོ་གནད་དུ་བྱས་པའི་ཁེ་ལས་འབྲིང་ཆུང་དང་2026ལོའི་མཐོ་སློབ་སློབ་ཐོན་སློབ་མ་གཙོ་གནད་དུ་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་པ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་སྐབས་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་གིས་སློབ་གྲྭར་བྱེད་སྒོ་སྤེལ་རྒྱུ་དང་མཐོ་སློབ་ཁག་གིས་སློབ་གླིང་དང་ཚན་ཁག་ལ་རིག་ཚན་ཆེད་ལས་དང་། ཐོན་ལས་ཁྱབ་ཁོངས། སློབ་ཐོན་སློབ་མའི་ལས་ཀ་འཚོལ་བའི་རེ་འདོད་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས“ཆུང་ལ་ལེགས་པ་དང་ཆེད་ལས་དང་ཕུལ་བྱུང”གི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་བ་རེད། དེ་དང་ཆབས་ཅིག སློབ་གྲྭ་དང་ཁེ་ལས་ཀྱི་སྤྲོད་མཁོ་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་གཉིས་པོས་ཁ་ཕྱོགས་གཏན་འཁེལ་གྱི་ཤེས་ལྡན་པ་གསོ་སྐྱོང་དང་། དངོས་སྦྱོང་རྟེན་གཞི་འཛུགས་པ། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་རྣམ་གྲངས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་ས་གནས་ཁག་གིས་ཐོན་ལས་ཚོགས་དང་ཐོན་ལས་འཁོར་འབྲེལ་གྱི་དམིགས་འབེན་ལ་དམིགས་ནས་ཤེས་ལྡན་པ་འདྲེན་འགུགས་བྱེད་པར་སྐུལ་མ་གཏོང་བ་དང་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་ཤེས་ལྡན་པའི་སྤྲོད་མཁོའི་འབྲེལ་མཐུད་ལས་དོན་གཙོ་གནད་དུ་སྤེལ་རྒྱུ་རེད།