གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་20ཉིན། 13:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ནན་ཅིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་ཐོན་རྗས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་4.49ཟིན་པ་དང་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས་དུས་མཚུངས་ལས་15.8%འཕར་ཞིང་། རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཐོན་རྗས་ཀྱི་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་37.9%བར་འཕར་ཡོད་པ་རེད།
ཕྱི་ཕྱོགས་ཚོང་དོན་གྱི་ཞིང་ཆེན་ཆེན་པོས་འགན་འཁྲི་གཙོ་བོ་འཁུར་ཞིང་། དུས་ཚིགས་དང་པོར། ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས་17.2%དང་། 7.1%དང་། 21.9%སོ་སོར་འཕར་བ་དང་། ཨན་ཧུའེ་ཡི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་མངོན་གསལ་དོད་པོ་ཡོད་པ་དེ་དུས་མཚུངས་ལས་31.6%འཕར་ཡོད།
ཕྱི་ཕྱོགས་ཚོང་དོན་གྱི“གྲོགས་ཚོགས”དེ་བས་སྣ་མང་ཅན་དུ་གྱུར་ཡོད། འབྲི་ཆུའི་ཟུར་གསུམ་ཁུལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་20.8%དང་། 17.5%འཕར་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.26ཟིན་ཏེ་དུས་མཚུངས་ལས་17.3%འཕར་ཡོད།
ཐོན་རྫས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་དུ་སྒོར་དུང་ཕྱུར་ཁྲི་1.78རི་བའི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་19.7%འཕར་ཡོད་པ་རེད།