གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 04ཚེས་14ཉིན། 14:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཟླ་4ཚེས་11ཉིན་འབྲི་ཆུའི་ཆུ་གཞུང་གི་ལྷག་ཡུལ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་དང་པོའི་འཕྲུལ་འཁོར་འདེགས་སྒྲིག་ལམ་ལྷོངས་བྱུང་བ་དེ་ཐོག་ནས་འཕྲུལ་ཚན་སྤྱིའི་འདེགས་སྒྲིག་གི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ་མཚོན་ཡོད། ལྷག་ཡུལ་ཆུ་ཤུགས་གློག་ཁང་ནི་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་དང་བོད་རང་སྐྱོང་ལྗོངས་སྨར་ཁམས་རྫོང་གི་འབྲེལ་མཚམས་སུ་གནས་པ་དང་དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གཙོ་གནད་འཛུགས་སྐྲུན་གྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་དང་། རླུང་། འོད་བཅས་གཞི་གཅིག་ཅན་གྱི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་གློག་འདོན་ཚད་ཆན་ཝ་ཁྲི་200ཟིན་ཡོད། ད་ཐེངས་འདེགས་སྒྲིག་བྱས་པའི་འཕྲུལ་ཚན་དང་པོའི་འཕྲུལ་འཁོར་གྱི་ཚངས་ཐིག་ལ་སྨི་13.43དང་། མཐོ་ཚད་ལ་སྨི་3.10 ལྗིད་ཚད་ལ་བསྡོམས་ཏུན་1007ཙམ་བཅས་ཟིན་པ་དེ་ལྷག་ཡུལ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་གྱི་ལྗིད་ཚད་ཆེ་ཤོས་ཀྱི་ལྷུ་ལག་ཅིག་རེད། འདི་ནི་ལྷག་ཡུལ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་དང་པོའི་འཕྲུལ་འཁོར་འདེགས་སྒྲིག་ལམ་ལྷོངས་བྱུང་བའི་གནས་ཚུལ་ཡིན་པ།