འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་14ཉིན།

༄༅།།རིམ་རྩིས་བརྒྱབ་ན་མིག་སྔར་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་1.7ཟིན་པ།

རྨ་ཆུའི་སྟོད་སྨད་བར་གསུམ་ལ་ཞིང་ཆུ་ཕྱོགས་ཡོངས་ནས་འདྲེན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་14ཉིན། 14:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་9ཉིན་བར། ཞིང་ཆེན་27དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ཞིང་ཆུ་འདྲེན་འགོ་ཚུགས་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ཆུ་མཁོ་འདོན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་172ཟིན་པ་དང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་1.7ཟིན་ཡོད། དེའི་ནང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་3338ལ་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་115དྲངས་ནས་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་1ཟིན་ཡོད།

མིག་སྔར། རྒྱལ་ཡོངས་ཀྱི་མཚེའུ་དང་ཆུ་མཛོད་དུ་ཆུ་གསོག་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་ཅུང་མང་བ་དང་། ཞིང་ཆུ་འདྲེན་པའི་ཆུ་ཁུངས་བལྟོས་བཅས་ཀྱིས་འབེལ་བ། ས་ཁུལ་མང་ཆེ་བའི་རྨོ་ཞིང་གི་ས་རྒྱུའི་བཞའ་ཚན་འཚམ་པ། ཞིང་ཆུ་འདྲེན་པའི་ཆུ་སྤྱིར་ན་འགན་ལེན་ཡོད་པ་བཅས་རེད།

ཆུ་གསོག་པའི་ཐད་ནས་བལྟས་ན། རྒྱལ་ཡོངས་ཀྱི་གཙོ་གནད་ཆུ་མཛོད་9677ལ་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4875ཟིན་པ་དེ་རྒྱུན་གཏན་གྱི་དུས་མཚུངས་ལས་བཅུ་ཆ་གཅིག་གིས་མང་བ་ཡོད་པ་དང་བྱང་ཕྱོགས་ཀྱི་ཞིང་ཆེན་ཁག་ཏུ་ཅུང་མངོན་གསལ་དོད་པོ་ཡོད། ཞིང་ཆུ་འདྲེན་པའི་མྱུར་ཚད་ནས་བལྟས་ན། རྨ་ཆུ་དང་ཧོའེ་ཧོ་ཆུ་བོ། ནུབ་བྱང་སོགས་དགུན་གྲོ་འདེབས་ཁུལ་གྱི་དཔྱིད་ཆུ་འདྲེན་ཁྱོན་ཆེ་རུ་བཏང་ནས་དགུན་གྲོ་སྐྱེ་འཚར་ལ་རམ་འདེགས་བྱས་ཡོད། ལྷོ་ཕྱོགས་དང་བྱང་ཤར་སོགས་ཆུ་འབྲས་འདེབས་ཁུལ་དུ་ཆུ་གསོག་འཇོག་དང་། ཆུ་ཡུར་ཉམས་བཟོ། ཆུ་བཀོད་གཏོང་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་ནས་འབྲས་ལྗང་གསོ་བ་དང་འབྲས་ལྗང་འཛུགས་པ་སོགས་འགག་རྩའི་ལྷུ་ཚིགས་ཀྱི་ཆུ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་ཐུབ་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆུ་བེད་པུའི་རྨ་ཆུའི་ཆུ་བེད་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྨ་ཆུའི་སྟོད་སྨད་བར་གསུམ་དུ་ཆུ་འདྲེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ཟླ་4ཚེས་8ཉིན་བར། དཔྱིད་ཆུ་འདྲེན་རིང་རྨ་ཆུའི་དབུས་སྨད་རྒྱུད་ཀྱིས་རིམ་རྩིས་བརྒྱབ་ན་རྨ་ཆུ་ནས་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་21.5ཟིན་ནས་ཆུ་འདང་ངེས་མཁོ་འདོན་བྱས་ཡོད། རྨ་ཆུ་ཆུ་བེད་ཨུ་ལྷན་གྱིས་འབབ་རྒྱུད་ཡོངས་ཀྱི་ཆུའི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ཆུ་མང་ཉུང་བཀོད་གཏོང་གི་ཇུས་གཞི་བཟོས་ནས་ནུས་ཤུགས་ཡོད་རྒུས་ཞིང་ཆུ་འདྲེན་ཐུབ་པ་བྱས་ཡོད། ཟླ་4ཚེས་9ཉིན་བར་རྨ་ཆུའི་ཆུ་གཞུང་ཨ་མ་ལུང་དབྱང་ཞ་དང་། ལིའུ་ཅ་ཞ། དབན་ཅ་ཀྲའེ། སན་མོན་ཞ། ཞའོ་ལང་ཏི་བཅས་ཆུ་མཛོད་ཆེ་གྲས་ལྔར་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་283.06ཟིན་ཡོད།