འཚོལ་བཤེར།   
藏文频道
2026ལོའི་ཟླ་4ཚེས་14ཉིན།

༄༅།།དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1379བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 04ཚེས་14ཉིན། 14:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་ལྕགས་ལམ་འཛུགས་སྐྲུན་ལ་སྤུས་ལེགས་ནུས་ཆེའི་ངང་སྐུལ་འདེད་བཏང་བ་དང་རྒྱལ་ཡོངས་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་1379བཏང་བ་དེ་དུས་མཚུངས་ལས་5.1%འཕར་ཡོད་པ་རེད།

འདི་ལོ་ནས་བཟུང་། ལྕགས་ལམ་གྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཁག་གཅིག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང་། ཤིས་ཨན་ནས་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཞུང་ཨན་ནས་ཧྲང་ཆིའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲན་ཏུང་དུམ་བུ་མཉམ་འབྲེལ་སྙོམས་སྒྲིག་དང་ཚོད་ལྟ་བྱེད་འགོ་བཙུགས་ནས་ཤར་གཏོང་གཉེར་སྐྱོང་གི་ལུགས་ལྡོག་གྲངས་རྩིས་སུ་སླེབས་པ་དང་། ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཟམ་པ་ཚང་མ་འབྲེལ་མཐུད་ཐུབ་པ་དང་། ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་གཙང་པོའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཨན་ཧུའེ་དུམ་བུའི་ཕུག་ལམ་ཚང་མ་ཏལ་འབིགས་ཐུབ་པ། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཡུན་ནན་དུམ་བུའི་ལྕགས་ལམ་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ། ཁྲེང་ཏུའུ་ནས་ཏ་ཀྲོའུ་དང་དེ་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཅ་ལིང་གཙང་པོའི་ཟམ་ཆེན་དང་། ཧོ་ཧྥེ་ནས་ཁྲེ་ཀྲོའུ་བར་གྱི་གྲོང་འབྲེལ་ལྕགས་ལམ་ཁྲེ་ཀྲོའུ་འབྲི་ཆུའི་ཟམ་ཆེན། ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་གཙང་པོའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཧྲང་ཧའེ་ནས་ནན་ཅིང་དུམ་བུའི་ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་སོགས་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

རྒྱལ་ཁབ་ལྕགས་ལམ་ཚོགས་པས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་ལྕགས་ལམ་གྱི་གཙོ་གནད་ལས་གྲྭ་ཁག་གི་འཛུགས་སྐྲུན་ལས་འགན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་ཐོན་ཁུངས་ལ་སྤྱི་འདོམས་བྱེད་པ། སྤུས་ལེགས་ལས་གྲྭ་ཧུར་ཐག་གཏོད་པ་བཅས་བྱས་ནས་ལྕགས་ལམ་འཛུགས་སྐྲུན་གྱི་མ་འཇོག་སྐུལ་སྤེལ་གྱི་ནུས་པ་གང་ལེགས་འདོན་རྒྱུ་ཡིན་པ་རེད།